ཝུའུ་དབྱིང་ཇེས་ལྗོངས་ཏང་ཨུད་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་།

ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཏང་དབུ་བརྙེས་ནས་ལོ ༩༩ འཁོར་བར་དྲན་གསོ་གཟབ་རྒྱས་ཞུ་བའི་སྐབས་ཀྱི་སྤྱི་ཟླ ༧ པའི་ཚེས ༡ ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་ཏང་ཨུད་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཇེས།  རང་སྐྱོང་ལྗོངས་ཏང་ཨུད་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་སྟེ།  ཀྲུང་དབྱང་གི་འབྲེལ་ཡོད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།  གོམ་སྟབས་རྗེས་མའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ།  རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་གཡས་ཤན་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྤེན་པ་བཀྲ་ཤིས་དང་།  ལིའུ་ཅང་།  ཝང་ཝེ་ཏུང་།  ཁྲེན་ཡུང་ཆི་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

ཝུའུ་དབྱིང་ཇེས་རང་ལྗོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ་པར་ཁས་ལེན་གང་ལེགས་གནང་བ་དང་།  ཁོང་གིས་གྲུབ་འབྲས་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཏང་འཛུགས་སྐྱོང་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་ཐུག་ཡོད་ལ།  དེ་ནི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་གྲུབ་འབྲས་ཤིག་ཀྱང་རེད་ཅེས་ནན་གསུངས་གནང་བ་རེད།

ཝུའུ་དབྱིང་ཇེས་མིག་སྔའི་རང་ལྗོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཁྲོད་དུ་གནས་པའི་ཉམས་ཞན་ལྷུ་ཚིགས་ལ་དབྱེ་ཞིབ་གནང་བ་དང་།  ཏང་འཛུགས་སྐྱོང་གི་ལས་དོན་དེ་དུས་རབས་གསར་པར་སླེབས་པས་ང་ཚོས་བླང་བྱ་གསར་པ་དོན་ཚན་ལྔ་ལྟར་སྒྲུབ་དགོས་པ་སྟེ།  གཅིག་ནས་ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་ཏང་ཡོན་ལ་སློབ་གསོ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས།  ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་ལེན་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཏེ་རིམ་པ་དབྱེ་ནས་དམ་འཛིན་ཡག་པོ་དང་ཏན་ཏིག་བྱེད་དགོས།  གོ་བ་ལོན་པ་དང་།  ཁོང་དུ་ཆུད་པ།  དངོས་སུ་སྒྲུབ་པ་བཅས་ཀྱི་ཐད་ཤུགས་རྒྱག་པ་དང་།  མ་རྩོམ་ལྟ་བ་དང་།  མ་ཡིག་སྦྱོང་བ།  མ་དོན་རྟོགས་པ་བཅས་མཐའ་འཁྱོངས་བྱེད་པ།  དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་དང་།  བརྩེ་སེམས་ལྡན་པའི་ངང་སློབ་སྦྱོང་།  རྒྱུན་ཆད་མེད་པར་རྗེས་སྙེག་སློབ་སྦྱོང་བཅས་བྱེད་པ།  སྦྱོང་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཐོས་དད་སྦྱོར་གསུམ་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་པ།  ལྷག་བསམ་འཕེལ་ཐུབ་པ་དང་།  དད་སེམས་འཇགས་ཐུབ་པ།  ཐེག་པ་འཁུར་ཐུབ་པ།  འཇོན་ཐང་རྒྱས་ཐུབ་པ།  འགན་འཁྲི་ལེན་ཐུབ་པ།  རྩོལ་ཤུགས་སྐྱེ་ཐུབ་པ།  སྤྱོད་གཙང་སྲུང་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས།  དེ་དང་དུས་མཚུངསསྣང་ཆེན་བཞི་དང་དགའ་ཞེན་བཞིསོགས་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་ལས་སྟེགས་ཡག་པོ་སྤྱད་དེ།  རྒྱ་ཆེའི་མང་ཚོགས་ཀྱིས་སློབ་སྦྱོང་ལ་དམ་འཛིན་ཡག་པོ་བྱ་རྒྱུར་སྐུལ་ཁྲིད་བྱེད་པ་དང་གསོན་ཉམས་དོད་པའི་དོན་དངོས་ལ་བརྟེན་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་བའི་མང་ཚོགས་ཀྱི་གདེང་ཚོད་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་པ་དང་།  གཉིས་ནས་སྔ་ཕྱི་བར་གསུམ་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་གནས་བབ་ཨང་དང་པོར་འཇོག་དགོས།  རིམ་ཁག་ཏང་རྩ་འཛུགས་ཀྱིས་སྔ་ཕྱི་བར་གསུམ་དུསྲུང་སྐྱོང་གཉིསཐུབ་པ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ཚད་གཞི་གསལ་པོ་དང་རྩ་བའི་ཆབ་སྲིད་ཀྱི་བླང་བྱར་བརྩིས་ནས།  བློ་བརྟན་འགྱུར་མེད་ངང་སྲོག་ཤིང་གོང་བཀུར་དང་།  ཡིད་ཆེས།  ཟོལ་མེད།  སྲུང་སྐྱོབ་བཅས་བྱས་ཏེ་དུས་གང་རུང་དང་གནས་ཚུལ་གང་རུང་འོག་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས།  ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་སྒྲིག་ལམ་དང་ལྷག་པར་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ནན་པོ་བསྲུངས་ནས།  ཏང་ཡོན་གྱིས་ཆོས་ལ་དད་པ་བྱས་མི་ཆོག་པ་དང་།  ལྷག་པར་དུ་ཆོས་ལུགས་བརྒྱུད་སྤེལ་དང་འཕེལ་རྒྱས་གཏོང་མི་ཆོག་པའི་གཏན་འབེབས་ལག་བསྟར་ནན་པོ་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོསའདུ་ཤེས་བཞིཟབ་ཏུ་བཏང་ཡོད་མེད་དང་།  གདེང་ཚོད་བཞི་བརྟན་དུ་བཏང་ཡོད་མེད།  སྲུང་སྐྱོང་གཉིས་ཐུབ་ཡོད་མེད།  མོས་སེམས་ལྔ་ཆེ་རུ་ཕྱིན་ཡོད་མེད།  ཁ་འབྲལ་ཐབས་མེད་པ་གསུམ་གྱི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད་མེད།  བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་ལམ་གཉིས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ཡོད་མེད་བཅས་ལ་བརྟག་དཔྱད་ཡག་པོ་བྱེད་དགོས།  བརྩེ་སེམས་ལྡན་པའི་ངང་ལས་དོན་ཡག་པོ་སྒྲུབ་པ་དང་དད་ལྡན་མང་ཚོཌ་ཚོར་ཆོས་ལུཌ་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ།  ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཡིན་མིན་ཆེན་པོའི་མདུན་དུ་སྔ་བར་ཕྱི་གསུམ་དུ་དར་ཆ་ཧ་ཅང་གསལ་སྟོན་དང་ལངས་ཕྱོགས་ཧ་ཅང་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས་པ།  གསུམ་ནས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་ཏང་གི་རྩ་འཛུགས་ལམ་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས།  དུས་སྐབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི་ཁྱད་པར་གསུམ་གྱི་བླང་བྱ་མཐའ་འཁྱོངས་བྱས་ཏེ་ལྗོངས་ཕྱིའི་ཤེས་ལྡན་པ་ནང་འདྲེན་དང་ས་གནས་དེ་རང་གི་ཤེས་ལྡན་པ་གསོ་སྐྱོང་བྱས་ནས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་དགོས་མཁོ་དང་འཚམ་པའི་ལྷག་བསམ་རྣམ་དག་དང་།  སྤྱོད་གཙང་།  འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས།  ལས་བྱེད་པར་ལྕག་སྐུལ་བྱས་ནས་ལས་འགན་འཁུར་ཕོད་པ་དང་ལས་དོན་སྒྲུབ་པ་དང་དེ་བཞིན་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་བྱེད་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་།  ཕུལ་བྱུང་གི་ན་གཞོན་ལས་བྱེད་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་དོན་སྒྲུབ་འདོད་ཡོད་པ་དང་།  ལས་དོན་དངོས་སྒྲུབ་པ།  ལས་དོན་སྒྲུབ་ཐུབ་པ་བཅས་ཀྱི་ལས་བྱེད་པ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་བྱས་ནས་སྟོན་ཕྱོགས་བཟང་པོ་ཆགས་པར་བྱེད་དགོས།  གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་གསལ་པོ་མཐའ་འཁྱོངས་བྱས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་རྒྱུར་དམིགས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་པའི་ཞན་ཆ་སྣ་ཚོགས་གང་མགྱོགས་སེལ་དགོས།  ཤིན་ཏུ་དབུལ་བའི་ས་ཁུལ་དང་གཞི་རིམ་གྱི་འཐབ་ས་དང་པོར་ཤེས་ལྡན་པ་བསྐྱོད་རྒྱུར་ལྕག་སྐུལ་དང་ཁྲིད་སྟོན་བྱེད་དགོས།  གཞི་རིམ་དུ་ལས་ཞུགས་བྱས་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལེགས་ཆ་འདོན་སྤེལ་ཡག་པོ་བྱས་ཏེ་ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་དེ་ཏང་གི་འགོ་ཁྲིད་མངོན་འགྱུར་བྱེད་པའི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས།  ལྷག་པར་དུ་གྲོང་ཚོའི༼སྡེ་ཁུལ༽ཨུ་ལྷན་གཉིས་ཀྱི་ཚན་ཁག་གི་ཁོངས་མི་བརྒྱ་ཆ ༡༠༠ ནི་ཏང་ཡོན་ཡིན་པའི་ལེགས་ཆ་མུ་མཐུད་སྲ་བརྟན་དུ་བཏང་ནས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ལ་རྒྱུན་མཐུད་བཅོས་སྒྲིག་བྱེད་པ་དང་།  ཞིང་འབྲོག་ཁུལ་གྱི་ཏང་རྩ་འཛུགས་དེ་ཏང་གི་བཀའ་ལ་ཉན་པ་དང་།  ཏང་གི་རྗེས་སུ་འབྲང་བ།  མཐུན་སྒྲིལ་བྱེད་མཁས་པ།  འཕེལ་རྒྱས་གཏོང་ཤེས་པ།  ཕྱུག་པོ་ཆགས་ཐུབ་པ།  བརྟན་ལྷིང་འགན་སྲུང་ཐུབ་པ།  གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ།  འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་ཀྱི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས།  ཀྲུང་གོ་གུང་ཁྲན་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་འདེམས་བསྐོའི་ལས་དོན་གྱི་སྲོལ་ཡིགལག་བསྟར་ནན་ཏན་དང་འདེམས་བསྐོའི་ལམ་ལུགས་ཀྱི་གཏན་འབེབས་ལག་བསྟར་ནན་པོ་བྱས་ནས་ཏང་གི་སྒྲིག་ཡིག་ནང་དཀྲིས་པའི་ཏང་ཡོན་གྱི་དབང་ཆ་འགན་སྲུང་བྱེད་དགོས་པ།  བཞི་ནས་བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏོང་དགོས།  སྟག་སྦྲང་མཉམ་རྡུང་མཐའ་འཁྱོངས་ཀྱིས་དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས།  ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་ཆབ་སྲིད་ཀྱི་རྣམ་འགྱུར་གསལ་ལ་མི་གསལ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་མེད་པའི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ནས་རྩ་དོན་ལས་འགལ་བ་དང་།  ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་ལས་འགལ་བ།  ཏང་ཀྲུང་དབྱང་གི་དབང་གྲགས་ལ་གནོད་འཚེ་གཏོང་བ་དང་ཐ་ན་ལྷུ་ལག་ཕྲལ་བ་བཅས་ཀྱི་སྣང་ཚུལ་དང་།  གནད་དོན།  མི་དང་དོན་དག་བཅས་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས།  ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ་ལས་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་།  སྐོར་གཟིགས་སྐོར་ཞིབ་ཀྱི་སྤུ་གྲི་ཡག་པོ་སྤྱད་དེ་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་།  དག་ཐེར་གྱི་བླང་བྱ་འདོན་པ།  དག་ཐེར་གྱི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱེད་དགོས།  ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནསསྤྱོད་ཚུལ་བཞི་བཅོས་སྒྲིག་ལྷོད་མེད་བྱེད་དགོས་པ།  ལྔ་ནས་ཏང་འཛུགས་སྐྱོང་ལས་དོན་ལ་ཏང་གིས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།  ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱ་རྒྱུ་ནི་རང་འཁྲིའི་ལས་འགན་དང་།  ཏང་འཛུགས་སྐྱོང་ལ་དམ་འཛིན་མི་བྱེད་པ་ནི་འགན་འཛོལ།  ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་མི་ཐུབ་པ་ནི་ལས་སྒོ་མི་འཕེར་བ་བཅས་ཡིན་པའི་བསམ་བློ་བརྟན་པོ་བཙུགས་ནས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འགན་འཁྲི་འཁུར་སེམས་དང་།  ལས་འགན་སྒྲུབ་སེམས།  དགོས་གཏུགས་ཀྱི་བསམ་པ་བཅས་ཆེ་རུ་ཏན་ཏིག་གཏོང་དགོས།  རང་སྐྱོང་ལྗོངས་ཏང་ཨུད་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིས་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་བྱེད་རིང་བསམ་ཕྱོགས་འཚོལ་བ་དང་།  ཁ་ཕྱོགས་འཚོལ་བ།  གདེང་ཚོད་འཚོལ་བ་བཅས་བྱས་ཏེ་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་འཛུགས་སྐྱོང་ལས་དོན་གང་ལེགས་སྒྲུབ་པར་རོགས་རམ་དང་མཛུབ་ཁྲིད་བྱེད་དགོས།  རིམ་ཁག་ཏང་ཨུད༼ཏང་ཙུའུ༽ཀྱིས་བྱེད་པོའི་འགན་འཁྲི་ཡག་པོ་འཁུར་ནས་བློ་བརྟན་འགྱུར་མེད་ངང་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས།  ཏང་ཨུད༼ཏང་ཙུའུ༽ཀྱི་ཧྲུའུ་ཅིས་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་དགོས།  འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ཏང་འཛུགས་སྐྱོང་གི་ལས་དོན་རྒྱུན་དུ་བརྗོད་པ་དང་།  རྒྱུན་དུ་གླེང་བ།  རྒྱུན་དུ་ཤོད་པ།  རྒྱུན་དུ་དམ་འཛིན་བཅས་བྱས་ནས་ཁག་བགོས་དོ་དམ་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་འགོ་ཁྲིད་དང་ཞིབ་བཤེར་ལྟ་སྐུལ་བྱེད་དགོས།  ས་ཁུལ་དང་གྲོང་ཨུད་ཀྱི་ཧྲུའུ་ཅིས་རྫོང་དང་ཆུས་ཨུད་ཀྱི་ཧྲུའུ་ཅིའི་སྣེ་ཁྲིད་ནས་ལོ་རེར་གཙོ་གནད་གཅིག་དང་ཕྱོགས་བསྡུས་ལྟ་རྟོག་ལ་དམིགས་ནས་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་སློབ་སྦྱོང་།  སྔོན་ཐོན་ལ་བསྡུར་བ་དང་ཚང་བཤེར་ཆད་གསབ་བྱས་ཏེ་ས་གནས་ཁག་དང་སྡེ་ཚན་ཁག་གི་ཏང་འཛུགས་སྐྱོང་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་ཕྱོགས་ཡོངས་ནས་དཔྱད་ཞིབ་དང་ཁོང་དུ་ཆུད་པ་བྱེད་དགོས།  རིམ་ཁག་ཏང་གི་སློབ་གྲྭས་ཏང་གི་སློབ་གྲྭའི་ངོ་བོ་ཏང་ཡིན་པ་མཐའ་འཁྱོངས་དང་།  ཆབ་སྲིད་ཀྱི་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ།  ལས་རིགས་གཙོ་བོ་དང་སློབ་ཚན་གཙོ་བོ་མངོན་གསལ་དོད་པ།  སློབ་གཉེར་སློབ་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་དོན་དངོས་དང་ཟུང་འབྲེལ་གྱིས་ལས་བྱེད་པའི་གསོ་སྦྱོང་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་སྒྲུབ་བྱེད་དགོས་པ་བཅས་རེད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]