ལྗོངས་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཁེ་ལས་འཛུགས་པའི་ཐོ་འགོད་སོགས་སྟབས་བདེ་རུ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གསར་འགོད་པས་རང་སྐྱོང་ལྗོངས་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་ཚོང་གཉེར་ཁྲུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན།  གློད་སྡོམ་ཞབས་གསུམ་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་ཆེད།  ད་ལོའི་ཚུན་དུ་རང་སྐྱོང་ལྗོངས་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཁེ་ལས་འཛུགས་པའི་ཐོ་འགོད་དང་གཏན་འཇགས་རྒྱུ་ནོར་ཐོ་འགོད།  ཡིད་རྟོན་དངུལ་བུན་རགས་ཐབས། ཁྲལ་འཇལ་སོགས་ལྷུ་ཚིགས་ལ་གཙོ་གནད་གཞིགས་ཏེ།  གཉེར་སྒྲུབ་འགྲོ་ལུགས་སྟབས་བདེ་རུ་གཏོང་བ་དང་རེ་ཞུའི་དཔྱད་གཞི་ཉུང་དུ་གཏོང་བ།  ལས་སྒྲུབ་དུས་ཚོད་ཐུང་དུ་གཏོང་བ།  སྲིད་འཛིན་ཞིབ་མཆན་འགོད་པའི་མྱུར་ཚད་མགྱོགས་སུ་གཏོང་བ་སོགས་ཀྱི་བྱ་ཐབས་བཟུང་བ་དང་།  བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ལོ ༢༠༢༠ ལོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་ལས་ཀའི་ཇུས་གཞི་ཟིན་འགོད་བྱས་པ་མ་ཟད།  སྤྱི་ཟླ་དྲུག་པའི་ཚེས ༤ ཉིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་ནས་གྲོས་འཆམ་བྱུང་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན།  ལས་ཀའི་ཇུས་གཞི་དེས་ཚད་འབེབས་ཅན་གྱི་སྲིད་འཛིན་ཞིབ་མཆན་དང་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ལ་ཞིབ་ཕྲའི་དམིགས་ཚད་བཏོན་ཡོད་པ་དང་།  ལྗོངས་ཡོངས་ཀྱི་ཁེ་ལས་འཛུགས་པའི་འགྲོ་ལུགས་དེ་སྤྱི་ལོ ༢༠༡༩ ལོའི་ལས་ཡུན་ཉིན་བཞི་ནས་ཉིན་གསུམ་བར་ཐུང་དུ་བཏང་བ་དང་།  སྤྱིར་བཏང་ཐོ་འགོད་དང་གཏའ་མ་འཇོག་པའི་ཐོ་འགོད་ཀྱི་ལས་སྒོ་གཉེར་སྒྲུབ་བྱེད་ཡུན་ཚང་མ་ལས་ཡུན་ཉིན་ལྔའི་ནང་ཚུན་དུ་ཐུང་དུ་བཏང་བ་སོགས་ཕན་ནུས་ཐོན་མགྱོགས་པ་དང་ལག་བསྟར་བྱེད་ན་ཆོག་པའི་བྱ་ཐབས་ཁག་ཅིག་ལག་བསྟར་བྱས་ཡོད།
གཞན་ཡང་།  ལས་ཀའི་ཇུས་གཞི་དེའི་ནང་རྒྱལ་ཡོངས་སུ་སྤྱོད་བཞིན་པའི་བྱ་ཐབས་གཞིར་བཟུང་ཕྱོགས་བསྡུས་ཚད་ལེན་ཞིབ་དཔྱད་ལག་བསྟར་བྱས་ནས།  ལོ་རེའི་ལོ་འགོར་ལྗོངས་ཡོངས་ཀྱི་ལོ་གོང་མའི་ཚོང་གཉེར་ཁོར་ཡུག་ལ་ཞིབ་དཔྱད་བྱེད་པའི་ལས་དོན་སྤེལ་ཏེ།  ཞིབ་དཔྱད་བརྒྱུད་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་བྱེད་ཚུལ་དང་སྲིད་ཇུས་བྱ་ཐབས་དོན་འཁྱོལ་བྱེད་ཚུལ་ཤེས་རྟོགས་ཐུབ་པ་བྱེད་རྒྱུ་དང་།  ཚོང་གཉེར་ཁོར་ཡུག་གི་ཞིབ་དཔྱད་འབྲས་བུར་བརྟེན་ནས་སྒྲིག་གཞི་ལམ་སྲོལ་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་བཏོན་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]