ཏིང་གཡས་ཤན་གྱིས་ལྷ་སར་བརྟན་ལྷིང་སྲུང་སྐྱོང་དང་ཡུལ་སྐོར་ཁྲོམ་ར་སོགས་ལ་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༦ ཉིན།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་གཡས་ཤན་གྱིས་སྔ་རྗེས་སུ་ཕོ་བྲང་པོ་ཏ་ལ་དང་བར་སྐོར་ཁྲོམ་གཞུང་།  རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་བཅས་སུ་ཕེབས་ནས།  བརྟན་ལྷིང་སྲུང་སྐྱོང་དང་ཡུལ་སྐོར་ཁྲོམ་ར་སོགས་ལ་བརྟག་ཞིབ་གནང་བ་མ་ཟད།  འཐབ་ས་དང་པོའི་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་བྱེད་མཁན་ལ་འཚམ་འདྲི་ཡང་གནང་བ་རེད། 
ཏིང་གཡས་ཤན་གྱིས་ཉེན་དོན་ས་ཚིགས་དང་ཞིབ་བཤེར་ས་ཚིགས་སོགས་སུ་ཕེབས་སྐབས།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་།  ཧྲུའུ་ཅི་ཝུའུ་དབྱིང་ཇེ་བཅས་ཀྱི་ཚབ་ཞུས་ནས་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་དང་པོར་ཡུན་རིང་འབད་འཐབ་བྱེད་བཞིན་པའི་སྤྱི་བདེ་ཉེན་རྟོག་པ་དང་།  དྲག་ཆས་ཉེན་རྟོག་པ་ཚོར་ཐུགས་རྗེ་ཆེ་ཞུས་གནང་བ་དང་ཆབས་ཅིག  ཁོང་ཚོས་སྡོད་བྱ་ཡག་པོ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་ཡག་པོ་བྱས་པར་ཁས་ལེན་གང་ལེགས་གནང་བ་རེད། 
ཏིང་གཡས་ཤན་གྱིས་རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་རུ་གྲོང་ཁྱེར༼ས་ཁུལ༽ཁག་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྤེལ་ཚུལ་སྙན་ཞུ་གསན་རྗེས།  དེང་སྐབས་རྒྱལ་ཕྱི་རྒྱལ་ནང་གི་རྙོག་འཛིང་ཆེ་ལ་ཛ་དྲག་པའི་དུས་བབ་འོག  ལྗོངས་ཡོངས་སུ་རིམ་ཁག་ཚན་པ་ཁག་གིས་མ་ཡོང་སྔོན་དྲན་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་།  ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་རྙོག་འཛིང་རང་བཞིན།  རྣོ་ངར་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ནས་ཐོག  མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་ལས་དོན་སེམས་ལ་འཇོག་པ་དང་ཕྲག་ཏུ་འཁུར་བ།  དམ་འཛིན་བྱེད་པ་བཅས་བརྒྱུད་གནས་ཚུལ་མི་ཐོན་པ་དང་ཀྲུང་དབྱང་ལ་དཀའ་རྙོག་མི་བཟོ་བའི་མཐའ་ཚད་བརྟན་པོ་སྲུང་དགོས་པ་དང་།  གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ལྟ་བུའི་ནུས་པ་དང་གུང་ཁྲན་ཏང་ཡོན་པའི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ནས།  ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱལ་ཁ་ལེན་པའི་མཉམ་ཤུགས་གཅིག་སྒྲིལ་བྱེད་དགོས་པ།  སྤྱི་ཚོགས་བཅོས་སྐྱོང་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་།  དོ་དམ་དང་བཅོས་སྐྱོང་།  སློབ་གསོ་བཅས་ཟུང་དུ་སྦྲེལ་རྒྱུ་རྒྱུན་འཁྱོངས་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དང་བཅོས་སྐྱོང་ནུས་པ་ཟམ་མི་ཆད་པར་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ།  བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་སྔར་བས་གནད་ལ་འཕིགས་པ་བྱས་ནས་རིགས་ཁག་གི་མངོན་མེད་རྐྱེན་རྩ་རྣམས་ཆུང་བཙག་ནས་སེལ་ཏེ་ལས་ཀའི་རང་འགུལ་སྟངས་འཛིན་ཐུབ་པ་བྱེད་དགོས་པ།  ལས་ཀའི་འགན་འཁྲི་སྔར་བས་དོན་འཁྱོལ་བྱས་ཏེ་གྲོང་ཁྱེར༼ས་ཁུལ༽དང་རྫོང་༼ཆུས༽བཅས་ཀྱིས་ཉམས་མྱོང་ཕྱོགས་བསྡོམས་བྱེད་པ་དང་།  ཆད་སྐྱོན་གསབ་ནས་ས་ཁོངས་སྲུང་བར་འགན་འཁྲི་ཡོད་པ་དང་ས་ཁོངས་སྲུང་བའི་འགན་འཁྲི་འཁུར་བ།  ས་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་ཐུབ་རྒྱུར་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]