ལྷོ་ཁས་འབག་བཙོག་འགོག་བཅོས་ལ་ཤུགས་སྣོན་བརྒྱབ་པས་མཁའ་རླུང་སྤུས་ལེགས་ལྡན་ཚད་བརྒྱ་ཆ༩༩.༢ཟིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་ཚུན་དུ་ལྷོ་ཁ་གྲོང་ཁྱེར་གྱིས་འབག་བཙོག་འགོག་བཅོས་ཤུགས་ཆེ་བྱེད་པ་དང་སྐྱེ་ཁམས་སྲུང་སྐྱོང་ཤུགས་ཆེ་བྱེད་པ།  མཛེས་སྡུག་ལྡན་པའི་ལྷོ་ཁ་འཛུགས་སྐྲུན་ལ་སྐུལ་འདེད་གང་མགྱོགས་གཏོང་བ་བཅས་བྱས་པར་ཕན་འབྲས་བཟང་པོ་ཐོན་ནས།  དེང་སྐབས་ལྷོ་ཁ་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པོ་ལྡན་ཚད་བརྒྱ་ཆ ༩༩.༢ ཟིན་ཏེ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། 
ཉེ་བའི་ལོའི་ཚུན་དུ་ལྷོ་ཁ་གྲོང་ཁྱེར་གྱིས་ནུས་ཤུགས་གནད་འཕིགས་འདོན་པ་དང་སྒྲིག་གཞི་ལམ་སྲོལ་འཐུས་ཚང་བཟོས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ།  འབག་བཙོག་འགོག་བཅོས་མཐའ་གཅིག་ཏུ་བྱེད་པའི་ལག་བསྟར་ཇུས་གཞི་པར་འགྲེམས་བྱས་པ་དང་།  རྡོ་སོལ་ཁྲོ་ཐབ་གསར་སྐྲུན་ལ་བཀག་འགོག་བྱས་ནས་དྭངས་གཙང་ནུས་རྒྱུ་དང་ནུས་རྒྱུ་གསར་པ་བེད་སྤྱོད་བྱས་པས།  ད་བར་ལྷོ་ཁ་གྲོང་ཁྱེར་དུ་དྭངས་གཙང་ནུས་རྒྱུ་བེད་སྤྱོད་བྱེད་ཚད་ཝ་སྟོང་ཚན་ཁྲི་ཚོ ༩༧.༨༩ ཟིན་ཡོད་ཅིང་།  ན་ནིང་ལྷོ་ཁ་གྲོང་ཁྱེར་གྱིས་ཤང་གྲོང་གི་འཐུང་ཆུའི་ཆུ་འགོར་ལྟ་ཞིབ་ཚད་ལེན་བྱས་པ་དང་།  ཤང་གྲོང་གི་ཆུ་འགོ ༨༢ ལ་ཡིག་ཚགས་བཟོས་པ།  འཐུང་ཆུའི་ཆུ་འགོ ༩༣ ལ་རྒྱུན་གཏན་གྱི་ལྟ་ཞིབ་ཚད་ལེན་བྱས་པ།  གྲོང་གསེབ་བཙོག་ཆུ་གཙང་སེལ་གྱི་ཚོད་ལྟའི་རྣམ་གྲངས ༨ ལག་བསྟར་བྱས་པ།  ཚན་པ ༡༠ ལ་འབག་བཙོག་ཕྱིར་བཤངས་ཆོག་འཐུས་དཔང་ཡིག་སྤྲད་པ་བཅས་བྱས་པ་རེད། 
གཞན་ཡང་།  ལྷོ་ཁ་གྲོང་ཁྱེར་ནས་ད་དུང་ས་རྒྱུའི་འབག་བཙོག་གི་གཙོ་གནད་ལས་རིགས་དང་ཁེ་ལས་ཀྱི་བར་འཁྱམས་གནས་ཡུལ་རྒྱང་རྟེན་ཞིབ་དཔྱད།  ཞིང་སྤྱོད་ས་རྒྱུའི་འབག་བཙོག་གནས་ཚུལ་ཞིབ་བཤེར་ཞིབ་དཔྱད་ལས་དོན་སྤེལ་བ་དང་།  རྫོང་༼ཆུས༽༡༢ ཀྱི་འཚོ་བའི་གད་སྙིགས་ལ་གཙོ་གནད་ལྟ་སྡོམ་བྱས་པ།  རྒྱལ་ཡོངས་འབག་བཙོག་ཡོང་ཁུངས་ཞིབ་བཤེར་ཐེངས་གཉིས་པ་ལེགས་གྲུབ་ཐུབ་པ།  འགྱིག་ཤོག་རྒྱུ་ཆ་བཀག་འགོག་ལས་དོན་སྤེལ་འགོ་ཚུགས་པ།  བརྟན་འཇགས་འབག་བཙོག་ཡོངས་ཁུངས་ཀྱི་འབག་བཙོག་ཕྱིར་བཤངས་ཆོག་འཐུས་གཙང་སེལ་བཅོས་སྒྲིག་དང་།  འབག་བཙོག་ཕྱིར་བཤངས་ཆོག་འཐུས་དཔང་ཡིག་སྤྲོད་རྒྱུ་དང་ཐོ་འགོད་ལས་ཀའི་ལག་བསྟར་ཇུས་གཞི་བཟོས་པ་བཅས་བྱས་ཡོད།  ན་ནིང་ལྷོ་ཁ་གྲོང་ཁྱེར་གྱིས་བརྟན་འཇགས་འབག་བཙོག་ཡོང་ཁུངས་གཙང་སེལ་བཅོས་སྒྲིག་ཚན་པ ༡༠༤༣ ཞིབ་བཤེར་བྱས་པ་དང་།  ཁག་དང་པོའི་ཚན་པ ༢༢༤ ལ་དཔང་ཡིག་སྤྲོད་པའི་ལས་དོན་སྔ་སྣུར་དུ་ལེགས་གྲུབ་ཐུབ་པ།  རྒྱ་ཁྱོན་སྤྱི་ཆིངས་ཁྲི་ཚོ ༣༩ ལྷག་ཙམ་ཡོད་པའི་སྒོ་ཕྱུགས་གསོ་ཚགས་ཁུལ་དབྱེ་བ།  སྒོ་ཕྱུགས་ཀྱི་ལུད་ཐོན་ཁུངས་ཅན་གྱི་བེད་སྤྱོད་ལག་བསྟར་ཇུས་གཞི་བཟོས་པ་བཅས་བྱས་པས།  དེང་སྐབས་ལྷོ་ཁ་གྲོང་ཁྱེར་གྱི་སྒོ་ཕྱུགས་ཀྱི་ལུད་ཕྱོགས་བསྡུས་བེད་སྤྱོད་ཐུབ་ཚད་བརྒྱ་ཆ ༦༩ ཟིན་ནས་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]