རང་ལྗོངས་ཀྱི་མང་ཚོགས་ལ་རིན་མེད་ངང་སྒྱུ་རྩལ་ཐད་ཀྱི་སྦྱོང་བརྡར་འཛིན་གྲྭ་ཞིག་གཉེར་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་སྤྱི་ལོ ༢༠༢༠ ལོའི་རྒྱུན་རྣམ་ཅན་གྱི་སྦྱོང་བརྡར་འཛིན་གྲྭ་སྤྱི་ཟླ་བརྒྱད་པར་རིན་མེད་ངང་གཉེར་རྒྱུ་ཡིན་པ་དང་།  རྒྱ་ཆེའི་གྲོང་མི་ནས་མང་ཚོགས་སྒྱུ་རྩལ་ཁང་དུ་མིང་ཐོ་འགོད་པར་སྐྱོད་ཆོག་གི་ཡོད།  སྤྱི་ཚེས ༢༥ ཉིན་བར་མིང་ཐོ་འགོད་ཆོག་པ་དང་།  མིང་ཐོ་འགོད་སྐབས་ཐེམ་ཐོ་དང་ཡང་ན་ཐོབ་ཐང་ལག་ཁྱེར།  ཚུན་གཅིག་གི་འདྲ་པར་གཉིས་བཅས་འཁྱེར་དགོས་ཀྱི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  ད་ཐེངས་རྒྱུན་རྣམ་ཅན་གྱི་སྦྱོང་བརྡར་འཛིན་གྲྭའི་ནང་ནང་མ་སྟོད་གཞས་ཀྱི་དར་མའི་འཛིན་གྲྭ་དང་།  ལྷ་མོའི་གཞས་གདངས་ཀྱི་བྱིས་པའི་འཛིན་གྲྭ།  སྒྲ་སྙན་གྱི་བྱིས་པའི་འཛིན་གྲྭ་སོགས་སློབ་ཚན་རིགས་བཅུ་གསུམ་བཀོད་སྒྲིག་བྱས་པ་དང་།  སློབ་ཚན་དེ་དག་ཚང་མ་རིན་མེད་ངང་གྲོང་མི་ཚོར་སློབ་ཁྲིད་བྱ་རྒྱུ་རེད།

ཉེ་བའི་ལོའི་ནང་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་རྒྱལ་ཁབ་ཀྱི་རིན་མེད་སྒོ་དབྱེའི་སྲིད་ཇུས་དང་ཟུང་འབྲེལ་བྱས་ནས་སྒྱུ་རྩལ་ཁྱབ་གདལ་བྱེད་སྟངས་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱས་ཏེ།  མང་ཚོགས་སྒྱུ་རྩལ་ཁང་གི་གར་སྟེགས་དང་སྒྲིག་ཆས་སྒྲིག་བཀོད།  ཤེས་ལྡན་པའི་ལེགས་ཆ་བཅས་བེད་སྤྱོད་གང་ལེགས་བྱས་ནས་རྩེར་སོན་དང་སྤུས་ལེགས་ཀྱི་སྒྱུ་རྩལ་འགྲེམས་སྟོན་དང་འཁྲབ་སྟོན།  སྦྱོང་བརྡར་བཅས་གཉེར་ཏེ་ལྗོངས་ཡོངས་ཀྱི་མང་ཚོགས་རིག་གནས་ལས་ཀའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]