རང་ལྗོངས་ཀྱིས་གསར་གཏོད་སྐུལ་འདེད་ཀྱི་གོང་འཕེལ་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་ཚུན་དུ།  རང་ལྗོངས་ཀྱིས་གསར་གཏོད་སྐུལ་འདེད་ཀྱི་གོང་འཕེལ་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ།  དཔལ་འབྱོར་སྤུས་ལེགས་གོང་འཕེལ་དང་སྤྱི་ཚོགས་ཕྱོགས་ཡོངས་བདེ་འཁོད།  འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བཅས་བྱས་ཏེ།  ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་སྒྲུབ་ཆེད་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་ཐུབ་པ་བྱས་ཡོད།

གསར་གཏོད་གོང་འཕེལ་གྱི་སྒུལ་ཤུགས་གསར་པ་སྐྱེ་སྲིང་ཧུར་ཐག་བྱ་ཆེད།  རང་ལྗོངས་ཀྱིས་ཚན་རྩལ་རྣམ་པའི་ཁེ་ལས་གོང་འཕེལ་ལ་རྒྱབ་སྐྱོར་ཤུགས་ཆེ་བྱས་ནས་ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།  ཚན་རྩལ་གསར་གཏོད་དེ་ཉིད་དཔལ་འབྱོར་གོང་འཕེལ་སྤྱི་ཚོགས་བདེ་འཁོད་ཀྱི་འཐབ་ས་གཙོ་བོའི་ནང་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་བཏང་ནས།  སྤུས་ལེགས་གོང་འཕེལ་ལ་འདེགས་སྐྱོར་དང་ཁྲིད་སྟོན་བྱས་ཡོད་པ་རེད།  སྤྱི་ལོ ༢༠༡༩ ལོར་རང་ལྗོངས་ཀྱི་མཐོ་གསར་ལག་རྩལ་ཁེ་ལས ༦༩ དང་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་ ༡༡༦ གི་ཞིབ་འཇུག་གསར་སྤེལ་གྲོན་དངུལ་སྒོར་དུང་ཕྱུར ༡༠ ལས་བརྒལ་ཡོད་ཅིང་།  དེང་སྐབས་ལྗོངས་ཡོངས་སུ་རིགས་ཁག་གི་གཉིས་གཏོད་རྟེན་གཞི ༡༣༨ དང༌།  སྐྱོང་སྤེལ་ཁེ་ལས ༢༦༩༡ བསྐྲུན་ནས་མི ༢༤༢༠༠ ལས་ཞུགས་ཐུབ་པ་བྱས་ཡོད།

ཚན་རྩལ་གྲུབ་འབྲས་དངོས་བསྒྱུར་ལ་སྐུལ་འདེད་གཏོང་ཆེད།  རང་ལྗོངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རྩལ་གྲུབ་འབྲས་དངོས་བསྒྱུར་ལ་སྐུལ་འདེད་གཏོང་ཐབས་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས་ལག་བསྟར་ཤུགས་ཆེ་བྱས་པ་དང་།  ཚན་རྩལ་གསར་གཏོད་དང་དངུལ་རྩ་མ་རྩ་ཟུང་འབྲེལ་ཧུར་ཐག་བྱས་ནས་ལག་རྩལ་ཁྲོམ་རའི་དོ་དམ་ལ་ཤུགས་སྣོན་བརྒྱབ་པས།  སྤྱི་ལོ ༢༠༡༩ ལོའི་གན་འཇོག་བྲིན་ཚོང་བྱེད་ཚད་སྒོར་དུང་ཕྱུར་གཅིག་ལས་ཐོག་མར་བརྒལ་ཡོད།

ཚན་རིག་ལག་རྩལ་དེ་ཉིད་ཞིང་འབྲོག་ལས་ཀྱི་དོན་དངོས་ཐོན་སྐྱེད་ནུས་པར་འགྱུར་བ་བྱ་ཆེད།  རང་ལྗོངས་ཀྱིས་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་འཆར་གཞི་དང་ཀྲུང་དབྱང་ནས་ས་གནས་ཚན་རྩལ་གོང་འཕེལ་ལ་ཁྲིད་སྟོན་བྱེད་པའི་མ་དངུལ།  ཁུལ་གསུམ་གྱི་ཚན་རྩལ་ཤེས་ལྡན་པའི་འདེགས་སྐྱོར་ཇུས་གཞི་སོགས་ལ་བརྟེན་ནས་དབུལ་གྲོལ་འགག་སྒྲོལ་དང༌།  ཚན་རྩལ་གཞུང་ཁོངས་ཁེ་ལས་དང་ཚན་རྩལ་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ཞིང་གཙོ་གནད་ཐོག་ལྷོ་ཁ་དང་ཉིང་ཁྲི།  ནག་ཆུ།  གཞིས་རྩེ་སོགས་སུ་ནས་ནག་ཐོན་འཕར་དང་བོད་ཕག་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད།  འབྲི་གཡག་གསོ་ཚགས་ལག་རྩལ་དཔེ་སྟོན།  བོད་བྱའི་རྒྱུད་བཟང་སྲུང་སྐྱོང་དང་གསོ་སྤེལ།  ཇ་ལོ་གསར་པ་ནང་འདྲེན་ལས་སྣོན་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་ཏེ་ཚན་རྩལ་དབུལ་སྐྱོར་གནད་འཕིགས་དང་དབུལ་གྲོལ་གནད་འཕིགས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ནས།  རང་ལྗོངས་ཀྱི་ཐོན་ལས་གོང་འཕེལ་དང་ཞིང་འབྲོག་པ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]