ཏིང་གཡས་ཤན་གྱིས་ལྷ་སར་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་གཡས་ཤན་གྱིས་སྔ་རྗེས་སུ་ལྷ་ས་ཀྲུང་ཧྭ་རིག་གནས་གཙོ་དོན་སྤྱི་གླིང་དང་།  བོད་སྡོད་ཀྲུང་དབྱང་སྨྱན་སྦྱོར་བྱེད་སྒོ་ལྟེ་གནས་སོགས་ཀྱི་རྣམ་གྲངས་སྐྲུན་ཡུལ་དུ་ཕེབས་ཏེ།  རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་བརྟག་ཞིབ་གནང་ཡོད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད།

ཏིང་གཡས་ཤན་ནས་ལྷ་ས་ཀྲུང་ཧྭ་རིག་གནས་གཙོ་དོན་སྤྱི་གླིང་རྣམ་གྲངས་སྐྲུན་ཡུལ་དུ།  རྣམ་གྲངས་ཀྱི་འཆར་འགོད་འཛུགས་སྐྲུན་བྱེད་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད།  ས་གནས་ས་ཐོག་ཏུ་ཚོགས་འདུ་གཙོ་སྐྱོང་གནང་ནས་འབྲེལ་ཡོད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་སྟེ།  ལྷ་ས་ཀྲུང་ཧྭ་རིག་གནས་གཙོ་དོན་སྤྱི་གླིང་སྐྲུན་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པས།  བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང༌དུས་རབས་ཀྱི་ཁྱད་ཆོས་མངོན་པར་བྱས་ཐོག  ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་གསར་བརྗེའི་རིག་གནས།  སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་མཉམ་འདྲེས་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་།  རིག་གནས་ཀྱིས་སྤྱི་ཚོགས་ལ་ཁྲིད་སྟོན་དང་མི་དམངས་ལ་སློབ་གསོ་གཏོང་བའི་ནུས་པ་འདོན་སྤེལ་བྱས་ནས།  མི་རིགས་ཁག་གི་མང་ཚོགས་དང་ཡུལ་སྐོར་བས་སྤྲོ་གསེང་འཚོ་བའི་ཁྲོད་བསམ་བློར་ཞུན་བརྡར་སྤྲོད་པ་དང༌།  བསམ་པའི་འཁྱེར་སོ་ལེགས་བཅོས་བྱེད་པའི་ཁྲོད་མོས་སེམས་ལྔ་ཟབ་ཏུ་གཏོང་དགོས་པ་དང༌།  དུས་འགོའི་ལས་དོན་མགྱོགས་པོ་སྒྲུབ་སྟེ་དྲིལ་བསྒྲགས་རིག་གནས་དང་ལྗང་འགྱུར་མཛེས་འགྱུར་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཐོག  ཇུས་འགོད་ཞིབ་ཚགས་དང་གཞོགས་འདེགས་དམ་ཟབ་བྱས་ནས་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ།  དུས་བཀག་ལྟར་སྤུས་ལེགས་ངང་ལས་མཇུག་སྒྲིལ་ཐུབ་པ་བྱེད་དགོས་པའི་མཛུབ་སྟོན་གནང་ཡོད།

ཏིང་གཡས་ཤན་ནས་བོད་སྡོད་ཀྲུང་དབྱང་སྨྱན་སྦྱོར་བྱེད་སྒོ་ལྟེ་གནས་ཀྱི་རྣམ་གྲངས་ལ་བརྟག་ཞིབ་གནང་སྐབས།  འབྲེལ་ཡོད་ཚན་པ་དང་ཨར་སྐྲུན་ཚན་པས་སྨྱན་སྦྱོར་ཚན་པའི་དགོས་མཁོ་ཤེས་རྟོགས་གང་ལེགས་བྱེད་པ་དང༌།  བྱེད་ནུས་ཇུས་འགོད་གཅིག་གྱུར་འཆར་འགོད་ངང་འཐུས་སྒོ་ཚང་དུ་བཏང་ཐོག་ཨར་སྐྲུན་གྱི་མཛེས་བཟོའི་འཕེལ་རིམ་མགྱོགས་སུ་བཏང་ནས།  ལྟེ་གནས་དེ་སྔ་ཙམ་བེད་སྤྱོད་གཏོང་ཐུབ་པ་བྱས་ཏེ་ལས་ཀ་དང་འཚོ་བའི་ཁོར་ཡུག་ཁྲོད་ཆ་རྐྱེན་བཟང་པོ་གཏོད་དགོས་པའི་ནན་གསུངས་གནང་ཡོད།

ཏིང་གཡས་ཤན་གྱིས་ད་དུང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་དང་།  ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡི་བཀའ་སློབ་བླང་བྱ་དོན་འཁྱོལ་བྱེད་ཚུལ།  དེ་བཞིན་ལས་བྱེད་པའི་ལུས་གསོའི་རྟེན་གཞི་གང་མགྱོགས་སྐྲུན་རྒྱུའི་འབྲེལ་ཡོད་རྣམ་གྲངས་ལ་སྐུལ་འདེད་གཏོང་ཚུལ་བཅས་ཀྱི་ཐད་བརྟག་ཞིབ་གནང་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]