ལོ་སྟོད་དུ་ལྗོངས་ཡོངས་སུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར༡༠༣.༣༨ཟིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-08-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོའི་ལོ་སྟོད་དུ།  རང་ལྗོངས་ཀྱི་བཟོ་ལས་དཔལ་འབྱོར་རིམ་བཞིན་ལེགས་སུ་ཕྱིན་ནས།  ལྗོངས་ཡོངས་སུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར ༡༠༣.༣༨ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༣.༣༦ འཕར་བ་དང་།  དེང་སྐབས་ལྗོངས་ཡོངས་སུ་གཙོ་གནད་བཟོ་ལས་རྣམ་གྲངས ༣༣ ཡོད་པར་སྒོར་དུང་ཕྱུར ༢༤༤.༤༦ བཏང་ཡོད་པ་རེད།
ཤེས་རྟོགས་བྱས་པར་གཞིགས་ན།  ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་ཆ་འཕྲིན་ཅན་ཁོངས་གཏོགས་ནས་ལས་རིགས་ལ་མཛུབ་ཁྲིད་དང་དོ་དམ་བྱེད་པའི་འགན་འཁྲི་ནན་ཏན་སྒྲུབ་སྟེ།
  ཁེ་ལས་ལ་ཏོག་གསར་གློ་ཚད་ནད་ཡམས་ལས་འགག་གྲོལ
ཐུབ་རྒྱུར་རོགས་རམ་ཏན་ཏིག་བྱེད་པ་དང་།  ཁེ་ལས་རེར་བྱ་ཐབས་རེའི་རོགས་སྐྱོར་ལམ་སྲོལ་བཙུགས་ཏེ་ཁེ་ལས་ཀྱི་དཀའ་གནད་སེལ་རྒྱུར་མཐུན་སྦྱོར་ཧུར་ཐག་བྱེད་པ།  དངུལ་ཁང་དང་ཁེ་ལས་ཀྱི་སྦྲེལ་མཐུད་ཞབས་ཞུ་ཧུར་ཐག་སྤེལ་ནས་ཐོན་ལས་མཉམ་འདྲེས་ཀྱི་མཉམ་ལས་སྟེགས་བུ་ཤུགས་ཆེ་གཏོད་པ།  ཐོན་སྐྱེད་བྲིན་ཚོང་གི་སྦྲེལ་མཐུད་སྟེགས་བུ་གཏོད་དེ་ཐོན་རྫས་བྲིན་ཚོང་བྱེད་ཚད་མཐོ་རུ་ཤུགས་ཆེ་གཏོང་བ།  དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་གི་གྲོན་དངུལ་དུས་འགྱངས་ཆད་ལུས་ཀྱི་སྣང་ཚུལ་གཙང་སེལ་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་ནས།  ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བ་བཅས་བྱས་ཡོད་པ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]