ནོར་བུ་དོན་གྲུབ་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུར་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས་གསུངས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-08-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རྒྱལ་སྲིད་རྒྱལ་ཁབ་ཁང་ཐོན་སྐྱེད་བདེ་འཇགས་ཨུ་ཡོན་ལྷན་ཁང་ནས་རྒྱལ་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ལས་དོན་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་དང་།  ཞིང་ཆེན༼རང་སྐྱོང་ལྗོངས༽ དང་གྲོང་ཁྱེར༼ས་ཁུལ༽  རྫོང་༼ཆུས༽བཅས་སུ་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཡོད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ནས་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་པ་རེད།
རྒྱལ་ཡོངས་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་གྲོལ་རྗེས།  ནོར་བུ་དོན་གྲུབ་ནས་ལྗོངས་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ལས་དོན་བརྙན་འཕྲིན་ཁ་པར་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།  ཚོགས་འདུའི་ཐོག་ད་ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་དུས་བབ་བརྡ་ཁྱབ་བཏང་བ་དང་།  ཉེ་དུས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་མ་ཟད།  ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་ཐོན་སྐྱེད་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་ལས་ཀར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།  མངོན་མེད་རྐྱེན་རྩ་ཧུར་ཐག་སེལ་ནས་ཚབ་ཆེའི་ལས་འཛོལ་གཏན་འགོག་བྱེད་དགོས་པ།  རང་ལྗོངས་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་ཐོན་སྐྱེད་བདེ་འཇགས་དང་འབྲུབ་འགོག་ལས་ཀར་དམ་འཛིན་གཏིང་ཟབ་དང་ཞིབ་ཚགས།  ཡག་པོ་བཅས་བྱས་ནས་གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱས་ཐོག  ཐོན་སྐྱེད་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་པོ་ཡོང་བ་བྱས་ནས།  དབུལ་གྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུ་དང་།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུར་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།། 

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]