བོད་ལྗོངས་མཁའ་འགྲུལ་ཆ་འཕྲིན་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སི་ལས་གཉེར་བྱེད་འགོ་ཚུཌ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-08-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་དང་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཆ་འཕྲིན་ཚོགས་པ་ཀུང་སིའི་ལྷོ་ནུབ་ཁའེ་ཡན་ཡན་ལག་ཀུང་སིས།  ཐུན་མོང་ཐོག་མ་དངུལ་བཏང་ནས་བསྐྲུན་པའི་བོད་ལྗོངས་མཁའ་འགྲུལ་ཆ་འཕྲིན་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སི་ཉེ་ཆར་ལྷ་སར་ལས་གཉེར་བྱེད་འགོ་ཚུགས་པ་དང༌།  བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་རིག་ནུས་འབབ་ཐང་འཛུགས་སྐྲུན་དེ་དུས་མཚམས་གསར་པར་སླེབས་ཡོད།

ཉེ་བའི་ལོའི་རིང༌།  དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་ལག་རྩལ་གསར་པ་ནང་འདྲེན་ཤུགས་ཆེ་བྱས་ནས་འབབ་ཐང་གི་གློག་རྡུལ་ཅན་གྱི་འགྲོ་ལུགས་གཉེར་བ་དང་།  རིག་ནུས་ཐོན་སྐྱེད་འཁོར་རྒྱུག་མ་ལག་འཛུགས་སྐྱོང་སོགས་ལ་གཅིག་མཇུག་གཉིས་མཐུད་ངང་སྐུལ་འདེད་བཏང་སྟེ་འགྲུལ་པ་ཚོར་སྟབས་བདེ་བསྐྲུན་ཡོད།  ལྷ་ས་གོང་དཀར་འབབ་ཐང་གི་གནམ་གྲུ་སྒུག་ཁང་གསར་སྐྲུན་གྱི་རྣམ་གྲངས་ཁྲོད་ལག་རྩལ་གསར་པ་སྤྱོད་པའི་ཐད་སླར་ཡང་འགག་སྒྲོལ་གསར་པ་བྱུང་བ་དང༌།  རྡོག་ཁྲེས་རང་འདོད་དབོར་འདྲེན་མ་ལག་དང་རང་འདོད་བདེ་བཤེར་མ་ལག  རིག་ནུས་བདེ་སྲུང་སོགས་གསར་དར་ཆ་འཕྲིན་དོ་དམ་མ་ལག་ནང་འདྲེན་བྱས་ཡོད།

བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་ཆ་འཕྲིན་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་རྗེས་ཆ་འཕྲིན་མ་ལག་རིག་ནུས་ཅན་གྱི་འཁོར་རྒྱུག་སྟེགས་བུ་ཧུར་ཐག་གཏོད་རྒྱུ་མ་ཟད།  འབབ་ཐང་ཆ་འཕྲིན་དྲ་བ་གཏོད་རྒྱུ་དང་ཆབས་ཅིག་གྲངས་གཞི་ཆེ་མོར་བརྟེན་ནས།  ལྗོངས་ནང་ཁུལ་གྱི་ཁེ་ལས་འབྲིང་ཆུང་ལ་གོ་ཆོད་གྲོན་ཆུང་དང་སྟབས་བདེའི་ཆ་འཕྲིན་མ་ལག་གི་སྒྲིག་བཀོད་བསྐྲུན་ཏེ།  ཆ་འཕྲིན་བདེ་འཇགས་ཐད་ཀྱི་སེམས་ཁྲལ་སེལ་ཐུབ་རྒྱུ་ཡིན་པས་ཐབས་ཇུས་ཚན་རིག་ཅན་དང་འཁོར་རྒྱུག་དྲ་རྒྱ་ཅན།  ཐོན་ཁུངས་གཞི་གཅིག་ཅན་བཅས་སུ་འགྱུར་རྒྱུར་ཕན་ཐོགས་ཡོད་ཅིང༌།  གྲངས་འཛིན་བོད་ལྗོངས་དང་དྲ་རྒྱའི་བོད་ལྗོངས་སྐྲུན་རྒྱུར་རམ་འདེགས་ཐུབ་སྟེ།  ལྗོངས་ཡོངས་ཀྱི་སྤྱི་ཚོགས་གོང་འཕེལ་དང་བརྟན་ལྷིང་ཐད་ཆ་འཕྲིན་ཅན་གྱི་འདེགས་སྐྱོར་ནུས་པ་ཆེན་པོ་ཐོན་རྒྱུ་རེད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]