ཆབ་མདོར་དབུལ་ཕོངས་མི་འབོར་སྤོ་འགྱུར་ལས་ཞུགས་ལ་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-08-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༦ ལོར་དབུལ་སྐྱོར་གནད་འཕིགས་ལས་དོན་སྤེལ་ཚུན།  ཆབ་མདོ་གྲོང་ཁྱེར་གྱིས་སྤྱི་པའི་ཞབས་ཞུ་ལེགས་སུ་གཏོང་བ་དང༌།  ཐོན་ལས་གོང་འཕེལ་གཏོང་བ།  རྩལ་ནུས་སྦྱོར་བརྡར་སྤྲོད་པ།  སྤོ་འགྱུར་ལས་ཞུགས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལས་དོན་མང་པོ་སྤེལ་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོན་ཡོད་ཅིང༌།  ལོ་ལྔ་ཚན་བཅུ་གསུམ་པའི་རིང༌གྲོང་ཁྱེར་དེ་ཡོངས་ཀྱི་དབུལ་ཕོངས་མི་ཐེངས་ཁྲི ༡༥ ལྷག་ཙམ་སྤོ་འགྱུར་ལས་ཞུགས་ཐུབ་པ་དང༌།  མི་ཁྲི ༥ ལྷག་ཙམ་ལ་རྩལ་ནུས་སྦྱོར་བརྡར་སྤྲད་པ་བརྒྱུད་མི་ཁྲི ༤.༣ ལྷག་ཙམ་སྤོ་འགྱུར་ལས་ཞུགས་ཐུབ་ཡོད།

ལོ་ལྔ་ཚན་བཅུ་གསུམ་པའི་ཚུན་དུ།  ཆབ་མདོ་གྲོང་ཁྱེར་གྱིས་དབུལ་ཕོངས་མི་སྣར་སྤོ་འགྱུར་ལས་ཞུགས་སྦྱོང་བརྡར་སྤྲོད་རྒྱུ་དེ་རིགས་ཁག་གི་ཁེ་ལས་དང་ཨར་སྐྲུན་བྱེད་གནས།  འདེབས་འཛུགས་གསོ་ཚགས་ལས་རིགས་མཐུན་ཚོགས།  གྲོང་གསེབ་གསར་པ་འཛུགས་སྐྲུན།  གནས་སྤོས་དབུལ་སྐྱོར་སོགས་ངལ་རྩོལ་ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོར་རྒྱ་སྐྱེད་ཐུབ་སྟེ།  གཞི་རིམ་དུ་སྦྱོང་བརྡར་གཉེར་རྒྱུས་གཙོ་བོ་བྱེད་པ་དང་གཅིག་བསྡུས་སྦྱོང་བརྡར་གྱིས་རམ་འདེགས་བྱེད་པ།  ཁ་གཏད་བོད་སྐྱོར་སྦྱོང་བརྡར་གྱིས་ཁ་གསབ་བྱེད་པ་བཅས་ཀྱི་སྦྱོང་བརྡར་གྱི་རྣམ་པ་གསར་པ་ཞིག་ཆགས་པ་བྱས་ཡོད།  ཆབ་མདོ་གྲོང་ཁྱེར་གྱིས་ད་དུང་ས་ཆ་དེ་གའི་ཐོན་ལས་གོང་འཕེལ་དང་མི་བེད་སྤྱོད་ཀྱི་དགོས་མཁོ་དང་ཟུང་འབྲེལ་གང་ལེགས་བྱས་ཏེ།  གྲོང་ཁྱེར་དེ་ཡོངས་ཀྱི་ཞིང་འབྲོག་པའི་ཨར་སྐྲུན་རུ་ཁག ༣༦༩ ལ་ལག་རྩལ་ལས་མིའི་མངག་ཐོའི་རྣམ་པའི་སྦྱོང་བརྡར་སྤྲད་པ་དང༌།  ཨར་སྐྲུན་རུ་ཁག་གི་ཆ་སྙོམས་མི ༡༠ ལ་ལྕགས་རྩིབས་པ་སོགས་ཀྱི་ལག་རྩལ་རིགས ༡༥ ཡི་སྦྱོང་བརྡར་སྤྲད་པས།  ཁྱོན་མི ༣༩༥༦ ལ་སྦྱོང་བརྡར་ཐེབས་ནས་མི ༤༠༠༠ ཙམ་ལས་ཞུགས་བརྟན་པོ་ཐུབ་སྟེ་ལས་ཞུགས་ཐུབ་ཚད་བརྒྱ་ཆ ༩༨ ཟིན་ཡོད།  གཞན་ཡང༌།  གྲོང་ཁྱེར་དེས་རྫོང་༼ཆུས༽ཁག་གི་གནས་སྤོས་དབུལ་སྐྱོར་དང་ལས་གཞིའི་རྣམ་གྲངས་འབོར་ཆེན་ལས་འགོ་ཚུགས་པའི་གོ་སྐབས་དང་བསྟུན་ནས།  མི ༦༠༠༠ ལྷག་ཙམ་ལ་ཨར་སྐྲུན་རིགས་ཀྱི་སྦྱོང་བརྡར་སྤྲད་ཡོད།

དེ་དང་ཆབས་ཅིག  ཆབ་མདོ་གྲོང་ཁྱེར་གྱིས་བོད་སྐྱོར་ཞིང་ཆེན༼གྲོང་ཁྱེར༽གྱི་ལེགས་ཆའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།  ལོ་ལྔ་ཚན་བཅུ་གསུམ་པའི་ཚུན་དུ།  གྲུང་ཆིང་དང་ཧྥུའུ་ཅན།  ཝུའུ་ཧན་སོགས་སུ་མི ༣༢༥ སྦྱོང་བརྡར་བྱེད་པར་བཏང་བ་དང༌།  ཆབ་མདོར་རོགས་སྐྱོར་བྱེད་མཁན་ཞིང་ཆེན༼གྲོང་ཁྱེར༽དང་ཁེ་ལས་ཀྱི་ལས་ཞུགས་བོད་སྐྱོར་གྱི་མི་རྒྱུན་ཐོན་ཁུངས་ཀྱི་ཆེད་དོན་གདན་ཞུའི་བྱེད་སྒོ་སྤེལ་ནས།  ལྗོངས་ཕྱིའི་ལས་ཞུགས་ལས་གནས ༥༠༠༠ ལྷག་ཙམ་མཁོ་འདོན་བྱས་པས།  ཆབ་མདོ་གྲོང་ཁྱེར་གྱི་ཞིང་འབྲོག་མང་ཚོགས ༤༠ ལྗོངས་ཕྱིར་ལས་ཞུགས་ཐུབ་སྟེ་མི་རེར་ཟླ་རེར་ཆ་སྙོམས་ཡོང་འབབ་སྒོར ༣༠༠༠ ཡན་ཟིན་ཡོད་ཅིང༌།  དུས་ཐེངས་དང་པོའི་ཁ་གཏད་བོད་སྐྱོར་ལས་གཏོད་ཀྱི་སྦྱོང་བརྡར་འཛིན་གྲྭ་གཉེར་ནས།  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་བ ༣༥ ཚུད་པའི་མི ༥༠ ལ་སྦྱོང་བརྡར་སྤྲད་པའི་ནང༌།  དབུལ་ཕོངས་མི་སྣ ༢༢ ལས་ཞུགས་ཐུབ་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]