རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ནས་ལྷ་སར་བོད་སྨན་ཐོན་ལས་གོང་འཕེལ་སོཌ་ལ་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-08-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བློ་མེས་ཀྱིས་རུ་སྣེ་ཁྲིད་དེ།  བོད་ལྗོངས་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་།  ཆེད་བྲིན་ལྷ་ས་ལས་གཞི་ལག་རྩལ་ལྟེ་གནས།  བོད་ལྗོངས་ཉིང་ཁྲི་གཡུ་ཐོག་བོད་སྨན་བཟོ་གྲྭ  རྒྱལ་སྤྱིའི་བོད་སྨན་སྨན་རྒྱུ་ཉོ་ཚོང་གྲོང་བཅས་སུ་ཕེབས་ཏེ་ས་གནས་ས་ཐོག་ཏུ་བོད་ལུགས་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་གནས་ཚུལ་དང་།  བོད་སྨན་བཟོ་གྲྭའི་བོད་སྨན་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད།  དེ་བཞིན་སྨན་རྒྱུ་ཉོ་ཚོང་གྲོང་གི་མཉམ་ལས་གོང་འཕེལ་དང་གཉེར་སྐྱོང་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ཐད་བརྟག་ཞིབ་གནང་ཡོད།

བརྟག་ཞིབ་ཚོགས་ཆུང་གིས་ལས་དོན་སྤེལ་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ  བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དེ་སློབ་གྲྭ་ཆེ་མོ་རྩེ་གྲར་གཏོད་རྒྱུ་དང་།  བོད་ལུགས་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་དེ་ཀ་པ་རིམ་པ་གསུམ་པའི་སྨན་ཁང་ལ་གཏོད་དགོས་པ་དང་།  བོད་ལུགས་གསོ་རིག་གི་སྨན་བཅོས་དང་ཐུམ་སྒྲིལ་སྤུས་ཚད་སོགས་ཀྱི་ཐད་ཤུགས་སྣོན་བརྒྱབ་སྟེ།  མུ་མཐུད་བོད་ལུགས་གསོ་རིག་ཞིབ་འཇུག་གསར་སྤེལ་དང་སྨན་རྩྭ་འདེབས་འཛུགས།  སྨན་རྫས་གཉེར་ཚོང་།  ཤེས་ལྡན་པ་གསོ་སྐྱོང་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་མཛུབ་སྟོན་གནང་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]