ཀྲོན་ཡན་གྱིས་ནུས་ཤུགས་ཡོད་རྒུས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་དེ་བས་འཕེལ་བ་བྱེད་དགོས་གསུངས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-08-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོན་ཡན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས།  རིགས་ཁག་གི་ཁྲོམ་རའི་བྱེད་པོར་སྔར་བས་སྲུང་སྐྱོང་དང་རྒྱབ་སྐྱོར་བྱེད་པའི་རང་ལྗོངས་ཀྱི་སྲིད་ཇུས་བྱ་ཐབས་བཟོ་རྒྱུའི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་གནང་ཡོད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དབང་ཧའེ་ཀྲུའུ་དང་།  རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ང་ཕོད་འཇིགས་ཡོན་ཚོགས་འདུར་ཕེབས་ཡོད།

ཚོགས་འདུའི་ཐོག་སྤྱི་ལོ ༢༠༢༠ ལོའི་ཚུན་དུ་རྙོག་འཛིང་དང་ཛ་དྲག་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་མདུན་དུ།  རང་ལྗོངས་ཀྱིས་བརྟན་པོ་དྲུག་གི་ལས་དོན་ནན་ཏན་བསྒྲུབས་པ་དང་།  འགན་སྲུང་དྲུག་གི་ལས་འགན་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པས།  ལྗོངས་ཡོངས་ཀྱི་ཁྲོམ་རའི་བྱེད་པོ་མགྱོགས་མྱུར་འཕར་སྣོན་ཕྱིན་པ་དང་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་ཕྱིན་པ།  གཞུང་ཁོངས་མ་རྩ་རྒྱ་སྟོབས་ཆེ་རུ་ཕྱིན་པ།  དམངས་གཉེར་དཔལ་འབྱོར་གྱི་གོང་འཕེལ་རྣམ་པ་ལེགས་སུ་ཕྱིན་པ་བཅས་བྱུང་ནས།  ལྗོངས་ཡོངས་ཀྱི་ལོ་སྟོད་དཔལ་འབྱོར་འཕར་སྣོན་མྱུར་ཚད་བརྒྱ་ཆ ༥.༡ ཟིན་ཏེ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད་པའི་མཛུབ་སྟོན་བྱས་ཡོད།

ཀྲོན་ཡན་གྱིས་ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་ནས་འབྲེལ་བ་ཆ་བཅུ་གསུམ་ཐག་གཅོད་ཡང་དག་བྱེད་པ་དང་།  སེམས་ནུས་ཡོད་རྒུས་ཐོན་ལས་ཆེན་པོ་བདུན་གོང་འཕེལ་གཏོང་བ།  སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ།  ཚོང་གཉེར་ཁོར་ཡུག་ལེགས་སུ་ཧུར་ཐག་གཏོང་བ་བཅས་བྱས་ཏེ་ཁེ་ལས་ཀྱི་དཀའ་ངལ་སེལ་བ་དང་ཕན་པ་སྐྲུན་པའི་སྲིད་ཇུས་བྱ་ཐབས་ཁག་དོན་ཐོག་ཏུ་ཞིབ་ཕྲ་འཁྱོལ་ཐུབ་པ་བྱས་ཏེ།  ཐབས་བརྒྱ་ཇུས་སྟོང་ངང་རང་ལྗོངས་ཀྱི་རིགས་ཁག་གི་ཁྲོམ་རའི་བྱེད་པོ་སྲུང་སྐྱོང་ཡག་པོ་དང་གོང་འཕེལ་ཡག་པོ་བཏང་ནས།  ནུས་ཤུགས་ཡོད་རྒུས་རིགས་ཁག་གི་ཁྲོམ་རའི་བྱེད་པོའི་གསོན་ཤུགས་དེ་བས་འཕེལ་བ་བྱེད་དགོས་པའི་ནན་གསུངས་གནང་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]