འཇོན་ཐང་ཆེ་བའི་སྤྱི་བདེའི་དཔུང་ཁག་གཏོད་དགོས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༥ ཉིན།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་གླིང་གཉིས་ཁྲོམ་གཞུང་འཇག་མ་སྡེ་ཁུལ་དང་གླིང་གཉིས་མངགས་གཏོང་ཁང་དུ་ཕེབས་ནས་ཆེད་དོན་བརྟག་ཞིབ་གནང་བ་དང་།  སྡེ་ཁུལ་ལས་དོན་པ་དང་གཞི་རིམ་སྤྱི་བདེ་མི་དམངས་ཉེན་རྟོག་པར་འཚམ་འདྲི་གནང་བ་རེད།  

ཧོ་ཝུན་ཧའོ་ཡིས་ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་འཛུགས་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་ཉེན་རྟོག་ནན་པོས་སྐྱོང་བ་དང་།  ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ།  ཉེན་རྟོག་པའི་ཟོལ་མེད་སྙིང་སྟོབས་གཏོད་པ།  ནན་པོ་དང་གཞུང་དྲང་ངང་ཁྲིམས་འཛིན་བཅས་བྱས་ཏེ་དམངས་གཙོ་དང་ཁྲིམས་སྐྱོང་།  འདྲ་མཉམ།  གཞུང་དྲང་སོགས་ཐད་ཀྱི་དུས་རབས་གསར་པའི་མི་དམངས་མང་ཚོགས་ཚོའི་དགོས་མཁོ་གསར་པར་དམིགས་ནས་བརྟན་ལྷིང་སྲུང་སྐྱོང་དང་ཞབས་ཞུ་ལེགས་པ།  ནུས་པ་ཆེ་བ།  སྤྱོད་ཚུལ་ནན་པ་བཅས་ཀྱི་འཇོན་ཐང་ཆེ་བའི་སྤྱི་བདེའི་དཔུང་ཁག་གཏོད་དགོས་པའི་ནན་གསུངས་གནང་བ་རེད།།    

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]