ཉེ་བའི་ལོའི་རིང་རང་ལྗོངས་ནས་ཤ་ཚལ་སྒོང་གསུམ་གྱི་རང་ངོས་མཁོ་སྤྲོད་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་རིང་རང་ལྗོངས་ཀྱིས་ཤ་ཚལ་སྒོང་གསུམ་གྱི་ལས་གཞི་དེ་གཙོ་གནད་ལས་གཞིར་རྩིས་ནས་རང་ངོས་ཀྱི་མཁོ་སྤྲོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས།  ད་ཆ་སྔོ་ཚལ་མཁོ་སྤྲོད་ཐུབ་ཚད་བརྒྱ་ཆ ༨༥ ཡན་ཟིན་གྱི་ཡོད།  

རང་ལྗོངས་ཀྱིས་ཤ་ཚལ་སྒོང་གསུམ་གྱི་ལས་གཞི་དེ་རིམ་ཁག་སྲིད་གཞུང་གི་བྱས་འབྲས་དཔྱད་ཞིབ་བྱེད་ཁོངས་སུ་བཅུག་པ་མ་ཟད།  ཤ་ཚལ་སྒོང་གསུམ་གྱི་ཀྲོན་ཡོན་དང་གྲོང་སྤྱིའི་འགན་འཁུར་ལམ་ལུགས་ཀྱི་དཔྱད་ཞིབ་བྱ་ཐབས་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གི་བརྡ་ཐོ་པར་འགྲེམས་བྱས་ཏེ།  ཤ་ཚལ་སྒོང་གསུམ་གྱི་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་དོ་དམ་ལམ་ལུགས་ལག་བསྟར་བྱས་ཡོད།  རང་ལྗོངས་ནས་ཤ་ཚལ་སྒོང་གསུམ་གྱི་ལས་གཞི་ལག་བསྟར་བྱེད་སྐབས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མཐོང་ཆེན་བྱས་པ་དང་།  སྤྱི་ལོ ༢༠༡༨ ལོར་རང་ལྗོངས་ཀྱིས་ཁག་སོ་སོར་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར།  ལྷོ་ཁ་གྲོང་ཁྱེར།  ཉིང་ཁྲི་གྲོང་ཁྱེར།  ཆབ་མདོ་གྲོང་ཁྱེར།  མངའ་རིས་ས་ཁུལ་བཅས་སུ་རྒྱ་ཁྱོན་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ་ཁྲི་ཚོ ༡༢༠ ལྷག་ཙམ་ཟིན་པའི་ཕན་ཆེའི་ཉི་འོད་དྲོད་ཁང་གི་སྔོ་ཚལ་རྟེན་གཞི ༡༩ བཙུགས་པ་དང་།  སྤྱི་ལོ ༢༠༡༩ ལོར་རང་སྐྱོང་ལྗོངས་ནོར་སྲིད་ནས་ཤ་ཚལ་སྒོང་གསུམ་གྱི་ལས་གཞིར་མ་དངུལ་སྒོར་ཁྲི་ཚོ ༢༠༠༠ བཀོད་སྒྲིག་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར།  ནག་ཆུ་གྲོང་ཁྱེར།  མངའ་རིས་ས་ཁུལ་བཅས་ཀྱི་ཤ་ཚལ་སྒོང་གསུམ་གྱི་ལས་གཞིའི་རྨང་གཞི་བརྟན་དུ་བཏང་བ་རེད།  

གྲོང་ཁྱེར༼ས་ཁུལ༽ཁག་གིས་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་བརྒྱུད།  གནམ་གཤིས་སོགས་ཀྱིས་རྐྱེན་པས་སྔོ་ཚལ་ཐོན་སྐྱེད་ལ་ཐེབས་པའི་ཚད་བཀག་གནད་དོན་ཐག་གཅོད་ཐུབ་པས་སྔོ་ཚལ་ཐོན་སྐྱེད་ནུས་པ་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད།  སྤྱི་ལོ ༢༠༡༩ ལོར་ལྗོངས་ཡོངས་སུ་སྔོ་ཚལ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་ཚོ ༣༩ ལྷག་ཙམ་ཟིན་པ་དང་སྔོ་ཚལ་ཐོན་འབབ་ཀྲོན་ཁྲི་ཚོ ༩༠ ལྷག་ཙམ་ཟིན་ཡོད།  ད་ལོའི་ལོ་སྟོད་དུ་རང་ལྗོངས་ཀྱི་སྔོ་ཚལ་ཐོན་འབབ་ཀྲོན་ཁྲི་ཚོ ༡༢ ལྷག་ཙམ་ཟིན་བཟོ་ཡོད་པ་དང་།  ལོ་ལྔ་ཚན་བཅུ་གསུམ་པའི་ཚུན་དུ་རང་ལྗོངས་ཀྱིས་འབྲི་གཡག་གསོ་ཚགས་རྟེན་གཞི ༤༤ འཐུས་ཚང་བཟོས་ནས་ལྷས་ར ༡༣༠༠༠ སྐྲུན་པ་རེད།  ད་ལོའི་ལོ་སྟོད་ཁོ་ནར་རང་ལྗོངས་ཀྱིས་ཐོན་སྐྱེད་བྱས་པའི་ཚགས་ཤ་དང་ལུག་ཤ་ཀྲོན་ཁྲི ༥ ཟིན་པ་དང་དཀར་ཆུའི་ཐོན་རྫས་ཀྲོན་ཁྲི་ཚོ ༡༨ ཟིན་པ་མ་ཟད།  ཕག་པ་མགོ་གྲངས་ཁྲི་ཚོ ༢༦ ལྷག་ཙམ་གསོས་ཡོད་པས་ཕག་པའི་རྨང་གཞིའི་ཐོན་སྐྱེད་ནུས་པ་བརྟན་པོའི་ངང་སླར་གསོ་ཐུབ་ཡོད།  

ཉེ་བའི་ལོའི་རིང་རང་ལྗོངས་ཀྱི་འབྲེལ་ཡོད་ཚན་ཁག་གིས་རོགས་ལས་ཧུར་ཐག་བྱས་ཏེ་ཞིང་འབྲོག་ཁུལ་གྱི་མཁོ་སྤྲོད་མི་འདེང་བ་དང་སྟབས་བདེ་མེད་པ།  བདེ་འཇགས་མེད་པ།  ཕན་འབྲས་མེད་པ་བཅས་ཀྱི་གནད་དོན་ཐག་གཅོད་གང་ལེགས་བྱེད་པ་དང་ཐབས་མང་མཉམ་བཟུང་བྱས་ཐོག  ཐོན་སྐྱེད་དང་བྲིན་ཚོང་སྦྲེལ་མཐུད་ཀྱི་ཐབས་ལམ་བཤངས་ཏེ་ཤ་ཚལ་སྒོང་གསུམ་གྱི་ཐོན་རྫས་འཁོར་རྒྱུགས་ཐུབ་པ་མ་ཟད།  ཞིང་འབྲོག་མང་ཚོགས་ཚོས་ལོ་འཁོར་མོར་སྔོ་ཚལ་སོས་པ་ཟ་ཐུབ་རྒྱུ་འགན་ལེན་ཡང་གང་ལེགས་བྱས་ཡོད།།   

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]