ནག་ཆུས་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་འཛད་སྤྱོད་དབུལ་སྐྱོར་ལ་སྐུལ་འདེད་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-21

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ནག་ཆུ་གྲོང་ཁྱེར་གྱིས་འཛད་སྤྱོད་དབུལ་སྐྱོར་ཟླ་བའི་བྱེད་སྒོ་སྤེལ་འགོ་བཙུགས་ཏེ།  གློག་རྡུལ་འཛད་སྤྱོད་འཛིན་ཤོག་སྤྲོད་པ་དང་དམིགས་འཛུགས་འགྲེམས་ཁང་དུ་རིག་རྩལ་འགྲེམས་སྟོན་བྱེད་པ།  གློག་རྡུལ་ཚོང་དོན་གྱི་ཐད་གཏོང་བྱེད་སྒོ་སྤེལ་བ་སོགས་རྣམ་པ་སྣ་ཚོགས་བརྒྱུད་ནག་ཆུའི་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་ལ་སྐུལ་འདེད་བཏང་སྟེ།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་གཏོད་རྒྱུ་དང་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུར་སྒུལ་ཤུགས་གསར་པ་སྦྱིན་ཡོད།
ནག་ཆུ་འི་འཛད་སྤྱོད་དབུལ་སྐྱོར་གྱི་དམིགས་འཛུགས་འགྲེམས་ཁང་ནང་།  གྲོང་ཁྱེར་དེའི་རྫོང་༼ཆུས༽ ༡༡ གི་མཉམ་ལས་ཁང་དང་ཁེ་ལས ༨༤ ཡིས་ཁྱད་ལྡན་ཐོན་རྫས་མང་དག་ཅིག་འགྲེམས་སྟོན་བྱས་ཡོད།  འཛད་སྤྱོད་བྱེད་མང་དུ་བཏང་ནས་འཛད་སྤྱོད་དབུལ་སྐྱོར་ལ་སྐུལ་འདེད་གཏོང་ཆེད།  ནག་ཆུ་གྲོང་ཁྱེར་ཚོང་དོན་ཅུད་དང་གྲོང་ཁྱེར་བཟོ་ཚོགས་ཀྱིས་མཉམ་འབྲེལ་ཐོག་གློག་རྡུལ་ཚོང་ལས་སྟེགས་བུ་བརྒྱུད།  གྲོང་ཁྱེར་ཐད་གཏོགས་ལས་ཁུངས་བཟོ་ཚོགས་ཀྱི་ཁོངས་མི ༥༦༡༧ ལ་སྒོར ༢༠༠ རི་བའི་གློག་རྡུལ་འཛད་སྤྱོད་འཛིན་ཤོག་རེ་སྤྲད་དེ་འཛད་སྤྱོད་ལ་སྐུལ་འདེད་བཏང་ཡོད་པ་དང་།  སྣ་མང་འཛད་སྤྱོད་ཐོག་ནས་ནག་ཆུའི་ཁྱད་ལྡན་ཐོན་རྫས་བྲིན་ཚོང་ལ་སྐུལ་འདེད་བཏང་སྟེ་དབུལ་གྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན།  ནག་ཆུ་གྲོང་ཁྱེར་གྱི་འཛད་སྤྱོད་དབུལ་སྐྱོར་ཟླ་བའི་བྱེད་སྒོའི་ཐོག་ད་དུང་གློག་རྡུལ་ཚོང་ལས་ཀྱི་ཐད་གཏོང་བྱེད་སྒོ་སྤེལ་ཏེ་རྫོང་༼ཆུས༽ ༡༡ གིས་གློག་རྡུལ་ཚོང་དོན་སྟེགས་བུ་བརྒྱུད།  ས་ཆ་ཁག་གི་ཁྱད་ལྡན་ཐོན་རྫས་དང་རིག་སྐྲུན་མཛེས་ལྗོངས་འོས་སྦྱོར་བྱས་ནས་ནག་ཆུའི་ཁྱད་ལྡན་ཐོན་རྫས་ཀྱི་སྤུས་རྟགས་རིན་ཐང་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ཡོད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]