དབུལ་གྲོལ་འགག་སྒྲོལ་ལ་རྒྱ་ཁ་ཕུ་ཐག་ཆོད་པ་བླངས་ནས་ཁུལ་གསུམ་ཁོངས་གསུམ་དབུལ་གྲོལ་ཡོང་བྱེད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-21

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

མི་དམངས་ཉིན་རེའི་ཚགས་པར་ཐོག  དབུལ་གྲོལ་འགག་སྒྲོལ་ལ་རྒྱ་ཁ་ཕུ་ཐག་ཆོད་པ་བླངས་ནས་ཁུལ་གསུམ་ཁོངས་གསུམ་གྱི་དབུལ་གྲོལ་གནས་ཚུལ་ཤེས་རྟོགས་བྱེད་ཅེས་པའི་གསར་འགྱུར་སྤེལ་ཡོད། 

བོད་རིགས་བུད་མེད་འཕུར་སྐྱོད་པ་མཁྱེན་རབ་ཡེ་ཤེས་ཀྱིས་མཁའ་དབྱིངས་ནས་ཕ་ཡུལ་གྱི་མཛེས་ལྗོངས་ངོ་སྤྲོད་བྱེད་ཅེས་པ་དེ་སྤེལ་ཡོད།  གསར་འགྱུར་དེའི་ནང་ཁ་གཏད་བོད་སྐྱོར་ཞིང་ཆེན་གྱི་རོགས་རམ་འོག  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་མཁྱེན་རབ་ཡེ་ཤེས་ལྷ་ས་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པ་ནས་ཅང་སུའུ་སུའུ་ཀྲུའུ་ལ་བསྐྱོད་དེ་ཐད་འཕུར་གནམ་གྲུ་གཏོང་སྟངས་སྦྱངས་པ་བརྒྱུད།  ལྷ་ས་གངས་རྒོད་སྐུན་སྤྱོད་མཁའ་འགྲུལ་ཀུང་སིའི་བོད་རིགས་ཀྱི་བུད་མེད་འཕུར་སྐྱོད་པ་ཐོག་མ་དེར་གྱུར་པ་རེད།  མཁྱེན་རབས་ཡེ་ཤེས་དང་ཁོ་མོའི་སློབ་གྲོགས་ཚོ་སློབ་གསོའི་དབུལ་སྐྱོར་གནད་འཕིགས་སྲིད་ཇུས་བརྒྱུད་དབུལ་གྲོལ་ཐུབ་པ་མ་ཟད།  ཕུགས་འདུན་སྒྲུབ་པའི་ལམ་བུའི་ཐོག་འབད་འཐབ་ཀྱི་སྤྲོ་སྣང་ཆེན་པོ་བྱུང་ཡོད་ཅེས་སྤེལ་ཡོད།
ཉེ་བའི་ལོའི་རིང་རང་ལྗོངས་ཀྱིས་བྱ་ཐབས་སྣ་ཚོགས་བཟུང་ནས་གོང་འོག་སྦྲེལ་མཐུད་དང་ཕྱོགས་ཁག་ལ་ཁྱབ་པའི་ཤེས་ལྡན་པའི་གསོ་སྐྱོང་ལམ་སྲོལ་ཧུར་ཐག་བཙུགས་ཏེ།  དེང་རབས་ལས་རིགས་སློབ་གསོའི་མ་ལག་ཞིག་ཧུར་ཐག་བཏོད་པ་དང་སློབ་གསོའི་དབུལ་སྐྱོར་བྱས་པ་དང་ཆབས་ཅིག  ཐོན་ལས་དབུལ་སྐྱོར་སོགས་ཀྱི་བྱ་ཐབས་གང་ལེགས་བཟུང་པ་རེད།  སྤྱི་ལོ ༢༠༡༦ ལོའི་ཚུན་དུ་ལྗོངས་ཡོངས་ཀྱིས་སྔ་ཕྱི་བསྡོམས་མ་དངུལ་སྒོར་དུང་ཕྱུར ༤༠༠ ལྷག་ཙམ་བཏང་སྟེ།  ཐོན་ལས་དབུལ་སྐྱོར་གྱི་རྣམ་གྲངས ༢༨༠༠ ལྷག་ཙམ་ལག་བསྟར་བྱས་པས།  དབུལ་ཕོངས་མི་འབོར་ཁྲི་ཚོ ༢༣.༨ ལྷག་ཙམ་དབུལ་གྲོལ་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་དང་ཞིང་འབྲོག་མང་ཚོགས་ཁྲི་ཚོ ༧༠ ལྷག་ཙམ་ལ་ཕན་པ་ཐོབ་ཡོད།  ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་མི་དེ་བས་མང་བས་རང་ཉིད་ཀྱི་འབད་བརྩོན་བརྒྱུད་འཚོ་བར་འགྱུར་བ་གཏོང་བཞིན་ཡོད་ཅེས་འཁོད་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]