ཏིང་གཡས་ཤན་གྱིས་ཁྲེང་ཀོན་ཆུས་སུ་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ལ་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་ཆར།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་གཡས་ཤན་གྱིས།  ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་ཕེབས་ནས་གཞི་རིམ་སྡེ་ཁུལ་དུ་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་།  དྲིལ་བསྒྲགས།  ལག་བསྟར་བཅས་དང་ཏང་འཛུགས་སྐྱོང་གི་ལས་དོན་དང་སྤྱི་ཚོགས་བཅོས་སྐྱོང་སོགས་ལ་བརྟག་ཞིབ་གནང་བ་རེད།

ཏིང་གཡས་ཤན་གྱིས་སྔ་རྗེས་སུ་རྗེ་འབུམ་སྒང་སྡེ་ཁུལ་དང་ཉི་དྲོད་གླིང་སྡེ་ཁུལ་གྱི་ཚོང་ཁང་དང་།  ཇ་ཁང་།  དམངས་ཕན་ཞབས་ཞུ་ལྟེ་གནས་བཅས་སུ་ཕེབས་ནས་ཁེར་རྐྱང་བཟོ་ཚོང་དུད་ཚང་དང་།  གྲོང་མི་མང་ཚོགས།  ལས་རིགས་ཁག་གི་ཏང་ཡོན་གྱི་འཐུས་མི་བཅས་དང་བྱམས་བརྩེའི་གླེང་མོལ་གནང་ཞིང་།  ཁོ་ཚོའི་དཀའ་ངལ་སེལ་རོགས་གནང་བ་དང་འབྲེལ་རང་ཉིད་ཀྱི་སློབ་སྦྱོང་མྱོང་ཚོར་དང་ཟུང་འབྲེལ་གྱིས་གོ་བདེ་རྟོགས་སླའི་བཀའ་མོལ་ནས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་བརྒྱུད་བསྒྲགས་གནང་བ་རེད།

ཏིང་གཡས་ཤན་གྱིས་སྡེ་ཁུལ་གྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་།  ཁོང་གིས་ནན་གསུངས་གནང་དོན།  ལྗོངས་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་བསྟན་དོན་གཙོ་བོ་དང་དགོངས་དོན་གྱི་ངོ་བོ་ཁོང་དུ་གཏིང་ཟབ་ཆུད་པ་དང་།  བོད་ཀྱི་ལས་དོན་གྱི་དུས་བབ་གསར་པ་དང་ལས་འགན་གསར་པ་སྟངས་འཛིན་འཕྱུགས་མེད་བྱེད་པ།  གོམ་གང་སྔོན་ལ་སྦྱོང་བ་དང་གཏིང་ཟབ་སྦྱོང་བ།  སྣ་མང་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་བྱེད་སྒོ་སྒྲིག་འཛུགས་ནན་ཏན་བཅས་བྱས་ཏེ་ཚོགས་འདུའི་དགོངས་དོན་མི་སེམས་ལ་གཏིང་ཟབ་ཟུག་པའི་འགན་ལེན་བྱེད་དགོས་པ་དང་།  བོད་ཀྱི་ལས་དོན་གྱི་ཆབ་སྲིད་ཁ་ཕྱོགས་མཐའ་འཁྱོངས་དང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་བསྟར་ནན་ཏན་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་དང་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁ་འཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་གཏིང་ཟབ་བྱེད་པ་དང་།  ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ།  བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ།  སྤུས་ཚད་ལེགས་པའི་འཕེལ་རྒྱས་མངོན་འགྱུར་བྱེད་པ།  སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ།  མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐད་བྱས་རྗེས་ཧུར་ཐག་འཇོག་དགོས་པ།  མང་ཚོགས་ཀྱི་ལམ་ཕྱོགས་རང་རྟོགས་ངང་ལག་ལེན་བསྟར་ནས་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་མང་ཚོགས་ཀྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་དང་།  མཐའ་ཚད་བསམ་བློ་མཐའ་འཁྱོངས།  སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཡུན་རིང་བདེ་འཁོད་ལ་ཤུགས་རྐྱེན་བཟོ་བའི་རིམ་པ་ཟབ་པའི་འགལ་ཟླ་དང་གནད་དོན་མང་ཙམ་ཐག་གཅོད་བྱེད་པ་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ངོ་བོར་རྒྱུན་མཐུད་ཐེར་འདོན་འགག་རྒྱག་བྱེད་པ།  མང་ཚོགས་ལ་སྐུལ་སློང་རྒྱ་ཁྱབ་བྱས་ཏེ་ཁ་འཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཞུགས་པ་བཅས་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཁ་འཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟམ་སྣེའི་བཙན་རྫོང་དང་།  མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག  མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་བཅས་ལ་དངོས་སུ་འགྱུར་བར་བྱེད་དགོས་པ།  གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་དམིགས་ཚད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱེད་པ་དང་།  རང་སྐྱོང་རྨང་གཞིར་བྱེད་པ།  ཁྲིམས་སྐྱོང་འགན་ལེན་དུ་བྱེད་པ།  ཀུན་སྤྱོད་སྐྱོང་བ་འདེགས་སྐྱོར་དུ་བྱེད་པ་བཅས་དུས་བསྟུན་འཕེལ་རྒྱས་ངང་སློབ་སྲོལ་སློབ་ཆིངས་དང་།  གྲོང་སྲོལ་དམངས་ཆིངས།  དགོན་སྲོལ་གྲྭ་ཆིངས་སོགས་བཟོ་བ་དང་དག་བཅོས་ལས་དོན་ཡག་པོ་སྤེལ་བ།  མཉམ་སྐྲུན་དང་།  མཉམ་བཅོས།  མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ།  གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་བཀོད་པ་གསར་པ་སྐྲུན་པ་བཅས་བྱེད་དགོས་པ།  ཆབ་སྲིད་ཀྱི་ཚད་གཞི་མངོན་གསལ་དོད་པོ་བྱས་ཏེ་མཁས་འདེམས་འཇོན་བསྐོར་མཐོང་ཆེན་དང་ལྷག་བསམ་རྣམ་དག་དང་།  སྤྱོད་གཙང་།  འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་ལ་ཞུན་བརྡར་བྱེད་པ།  རྒྱལ་གཅེས་ལེགས་སྐྱེས་འབུལ་བའི་ཕུལ་བྱུང་ཤེས་ལྡན་པ་གཅིག་སྡུད་གང་ཐུབ་བཅས་བྱས་ནས་མཐུན་སྒྲིལ་དང་།  འབྱོར་ཕྱུག  ཤེས་དཔལ།  ཞི་མཐུན།  མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་ཤེས་ལྡན་པའི་འདེགས་སྐྱོར་བྱེད་དགོས།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]