འཕྲོ་བརླག་ནི་ངོ་ཚ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  བོད་ལྗོངས་ཉིན་རེའི་ཚགས་པར་ཐོག  དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་བླངས་ནས་རྒྱས་སྤྲོས་ཆུད་ཟོས་གཏན་འགོག་བྱེད་དགོས་ཞེས་པའི་མུ་འབྲེལ་དཔྱད་གླེང་དང་པོ།  འཕྲོ་བརླག་ནི་ངོ་ཚ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན་ཞེས་པའི་དཔྱད་གཏམ་པའི་རྩོམ་ཡིག་གཅིག་སྤེལ་ཡོད།

རྩོམ་ཡིག་ནང་།  བཟའ་འཐུང་འཕྲོ་བརླག་གི་བྱ་སྤྱོད་བཀག་འགོག་བྱེད་རྒྱུའི་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གལ་ཆེའི་བཀའ་སློབ་གནང་ཡོད་པ་དེའི་དོན་སྙིང་གལ་འགངས་ཆེ་བ་དང་།  ནང་དོན་གཏིང་ཟབ་པ།  བླང་བྱ་ཁ་གསལ་བ་བཅས་ཡིན་པས་ང་ཚོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་གལ་ཆེན་གྱི་དགོངས་པར་གོ་བ་གཏིང་ཟབ་ལེན་པ་དང་།  དར་ཆ་གསལ་སྟོན་ངང་རྒྱས་སྤྲོས་ཆུད་ཟོས་དང་བག་མེད་ལོངས་སྤྱོད་སོགས་ཀྱི་ཚུལ་མིན་སྤྱོད་ཚུལ་ལ་ངོ་རྒོལ་བྱས་ནས།  གྲོན་ཆུང་བསྲི་ཚགས་དང་དཀའ་སྤྱད་འབད་འཐབ་ཀྱི་སྤྱོད་བཟང་དར་སྤེལ་ཤུགས་ཆེ་བཏང་སྟེ།  སྤྱི་ཚོགས་ཡོངས་སུ་འཕྲོ་བརླག་ནི་ངོ་ཚ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་སྲོལ་བཟང་གཏོད་དགོས་ཞེས་འཁོད་ཡོད།

རྩོམ་ཡིག་ནང་།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ནས་བཏོན་པའི་གྲོན་ཆུང་བསྲི་ཚགས་ཀྱི་བླང་བྱ་ལག་བསྟར་ནན་ཏན་བྱེད་པ་དང་།  རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་རྣམ་འགྱུར་གསལ་པོ་དང་ཆོད་སེམས་བརྟན་པོར་གོ་བ་གཏིང་ཟབ་ལེན་པ་དང་།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ནས་འབྲུ་རིགས་བདེ་འཇགས་ལ་མཐོང་ཆེན་གནང་བ་དང་མང་ཚོགས་ཀྱི་འཚོ་བར་ཐུགས་ཁུར་ཟབ་བཞེས་གནང་བའི་འཐབ་ཇུས་ཀྱི་བསམ་གཞིགས་དང་།  མི་དམངས་ལ་བཅངས་པའི་བརྩེ་བར་གོ་བ་གཏིང་ཟབ་ལེན་པ།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དཀའ་སྤྱད་འབད་འཐབ་དང་གྲོན་ཆུང་བསྲི་ཚགས་བྱེད་པའི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་གཏོང་བའི་སྙིང་སྟོབས་རྒྱུན་འཛིན་དང་།  དུས་རབས་ཀྱི་རིན་ཐང་ལ་གོ་བ་གཏིང་ཟབ་ལེན་པ་བཅས་བྱེད་དགོས་ཞེས་འཁོད་ཡོད།

རྩོམ་ཡིག་ནང་།  བཟའ་འཐུང་འཕྲོ་བརླག་བཀག་འགོག་བྱེད་རྒྱུ་ནི་གནད་དོན་ཆུང་ཆུང་ཞིག་མ་ཡིན་པར་དེ་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པ་དང་།  ཏང་དང་མི་དམངས་ཀྱི་བྱ་གཞག་དར་རྒུད་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན་པས།  ལྗོངས་ཡོངས་ཀྱི་གྲོང་ཁྱེར༼ ས་ཁུལ ༽ཁག་དང་ཚན་པ་ཁག  རིམ་ཁག་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་གལ་ཆེན་གྱི་དགོངས་པ་དེ་སྲུང་སྐྱོང་གཉིས་ཐུབ་པ་བྱེད་རྒྱུའི་ཞིབ་ཕྲའི་ལག་ལེན་ལ་འགྱུར་བ་བྱས་ཏེ།  སྔོན་ལ་བྱ་སྤྱོད་སྤེལ་བ་དང་ཕྱོགས་ཡོངས་ནས་མིག་དཔེ་འདོན་པ།  སྣེ་འཁྲིད་ཁྲིད་སྟོན་བྱེད་པ་བཅས་ཀྱི་ཐོག་ནས་རང་རྟོགས་ངང་གྲོན་ཆུང་བསྲི་ཚགས་བྱེད་པ་དང་།  རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྒྲིག་འཛུགས་པ་དང་།  དྲིལ་བསྒྲགས་པ།  དཔེ་སྟོན་པ།  ཁྲིད་སྟོན་པ།  ལག་ལེན་པ་ཞིག་བཅས་བྱས་ནས་འཕྲོ་བརླག་ནི་ངོ་ཚ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་དར་སྲོལ་བཟང་པོ་ཞིག་སྤྱི་ཚོགས་ཡོངས་སུ་ཆགས་པ་བྱེད་པ་དང་།  དཀའ་སྤྱད་འབད་འཐབ་དང་གྲོན་ཆུང་བསྲི་ཚགས་ཀྱི་སྤྱོད་བཟང་ས་མཐོའི་ས་གཞི་ཆེ་མོའི་ཐོག་དར་བ་བྱེད་དགོས་ཞེས་འཁོད་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]