ལྷོ་ཁ་དང་ནག་ཆུར་དངུལ་རྩའི་སྒྲིག་གཞི་གསར་པ་བཙུགས།

ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-24

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་ལྗོངས་ཀྱི་གྲོང་ཁྱེར༼ ས་ཁུལ ༽ཁག་གི་དངུལ་རྩའི་ཞབས་ཞུའི་མཁོ་སྤྲོད་ནུས་པ་ཆེ་རུ་བཏང་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་ཆེད།  སྤྱི་ཟླ ༩ པའི་ཚེས ༢༢ ཉིན།  ཀྲུང་གོ་བཟོ་ཚོང་དངུལ་ཁང་གིས་ལྷོ་ཁ་དང་ནག་ཆུར་ཡན་ལག་དངུལ་ཁང་བཙུགས་པ་དེ་ནི།  དངུལ་ཁང་དེས་ཉིང་ཁྲི་དང་ཆབ་མདོའི་རྗེས་བོད་དུ་གྲོང་ཁྱེར་གྱི་ཡན་ལག་དངུལ་ཁང་གཉིས་དུས་གཅིག་ཏུ་བཙུགས་པ་ཞིག་རེད།

བཟོ་ཚོང་དངུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཁྲེན་སི་ཆིང་གིས་ངོ་སྤྲོད་བྱས་པར་གཞིགས་ན།  ཉེ་བའི་ལོ་ཤས་རིང་དངུལ་ཁང་དེས་དབུལ་གྲོལ་འགག་སྒྲོལ་ལ་གཞོགས་འདེགས་ཧུར་ཐག་བྱས་ནས།  རྣམ་གྲངས་གལ་ཆེན་གྱི་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པར་ཞུགས་ཤིང་།  རིམ་རྩིས་བརྒྱབ་པར་རིགས་ཁག་གི་དངུལ་བུན་སྒོར་དུང་ཕྱུར ༡༠༠༠ ཙམ་བཏང་བ་དང་རིགས་ཁག་གི་དབུལ་སྐྱོར་སྤྱི་ཕན་མ་དངུལ་སྒོར་ཁྲི ༢༠༠༠ ཙམ་ཞལ་འདེབས་བརྒྱབ་ཡོད།  ཉེ་ཆར་ང་ཚོས་ད་དུང་བོད་ཀྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་ལ་རྒྱབ་སྐྱོར་བྱེད་པའི་བསམ་འཆར་དོན་ཚན་བཅུ་དགུ་ཆེད་མངགས་ཞིབ་འཇུག་བྱས་ནས་བཟོས་ཡོད།  བོད་ཀྱི་ལས་རིགས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་ལས་བཟོ་ཚོང་དངུལ་ཁང་གི་ལས་སྒོ་བོད་དུ་གཉེར་སྐྱོང་བྱས་པར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད།

ཕུར་བུ་དོན་གྲུབ་ནས་ད་ཐེངས་ཡན་ལག་དངུལ་ཁང་གཉིས་བཙུགས་པ་དེ་ནི་བཟོ་ཚོང་དངུལ་ཁང་ཏང་ཨུད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ཤིག་ཡིན་ལ།  སྲིད་དངུལ་ཕྱོགས་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་ལག་བསྟར་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན།  དངུལ་ཁང་དེས་དངུལ་རྩའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས།  དངུལ་རྩའི་ཞབས་ཞུའི་ཁྱབ་རྒྱ་དང་གཏིང་ཚད་སྔར་བས་ཆེ་རུ་བཏང་སྟེ།  ལྗོངས་ཡོངས་ཀྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]