ཏིང་གཡས་ཤན་གྱིས་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དུ་ལས་དོན་ལ་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-24

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་ཆར།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ།  ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་གཡས་ཤན་གྱིས་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དུ་ཕེབས་ནས་དངུལ་རྩའི་ཞབས་ཞུའི་ལས་དོན་ཁག་ལ་བརྟག་ཞིབ་གནང་བ་མ་ཟད།  ཁེ་ལས་ཀྱི་འགན་འཁུར་བ་དང་བཞུགས་མོལ་གནང་ཞིང་།  དངུལ་ཁང་གི་དངུལ་བཅོལ་དངུལ་བུན་གྱི་ལས་སྒོ་དང་།  དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར།  དམངས་འཚོ་ལེགས་གཏོང་ལ་ཞབས་ཞུ།  དངུལ་རྩའི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ལས་དོན་སྙན་སེང་གསན་པ་རེད།

ཏིང་གཡས་ཤན་གྱིས་གསུངས་དོན།  ཉེ་བའི་ལོ་ཤས་རིང་དང་།  ལྷག་པར་དུ་ད་ལོར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱུན་རྣམ་ཅན་གྱི་དམིགས་བསལ་རྒྱབ་ལྗོངས་འོག  ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་པ་དང་།  ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་ཀར་གཞི་འཛུགས་པ།  མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་དངུལ་རྩའི་དགོས་མཁོ་སྐོང་བ་འགོ་འཛུགས་སར་བྱས་ནས་དངོས་ཚན་དཔལ་འབྱོར་གྱི་ཞབས་འདེགས་ཞུ་ཚད་ཆེ་རུ་བཏང་ཞིང་།  དངུལ་རྩའི་ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་གསར་གཏོད་ཀྱིས་དམངས་གཉེར་དང་ཕྲན་ཚེགས་ཁེ་ལས་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱས་པ་དང་།    རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དེ་བཞིན་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་རམ་འདེགས་བྱས་པ་མ་ཟད།   ཞིང་གསུམདང་དབུལ་གྲོལ་འགག་སྒྲོལ་ལ་ཞབས་འདེགས་ཞུས་པ་དང་།  མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཏེ་བོད་ཀྱི་རྒྱུན་མཐུད་བརྟན་ལྷིང་དང་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

ཏིང་གཡས་ཤན་གྱིས་ནན་གསུངས་གནང་དོན།  མཐུན་སྒྲིལ་དང་།  འབྱོར་ཕྱུག  ཤེས་དཔལ།  ཞི་མཐུན།  མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་དངུལ་རྩའི་ལས་རིགས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད།  ལྗོངས་ཡོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས སྤྱི་ཡོངས་གཉིསཡིད་ལ་བཅངས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་གྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་།  རང་འཁྲིའི་ལས་ཀ་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཕེལ་རིམ་ནང་བཞག་སྟེ་བསམ་གཞིག་བྱས་ནས་རྒྱུན་ཆད་མེད་པར འདུ་ཤེས་བཞིཟབ་ཏུ་གཏོང་བ་དང་།   གདེང་ཚོད་བཞིབརྟན་དུ་གཏོང་བ།   སྲུང་སྐྱོང་གཉིསཐུབ་པ་བཅས་བྱེད་དགོས།  དངུལ་རྩའི་འཕེལ་རྒྱས་ཀྱི་ཆོས་ཉིད་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་གིས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་དང་།  དངུལ་རྩའི་ཉེན་ཁར་སྔོན་འགོག་ཚོད་འཛིན།  དངུལ་རྩའི་སྒྱུར་བཅོས་ཟབ་གཏོང་བཅས་ཀྱི་ལས་འགན་ཁག་གསུམ་ལ་དམ་པོར་དམིགས་པ་དང་།  གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་ནན་པོར་གཞིགས་པ།   གསར་པ་གཉིས་དང་གཙོ་གནད་གཅིགསོགས་ཁྱབ་ཁོངས་གཙོ་བོར་དམིགས་པ་བཅས་བྱས་ཏེ་ཐོན་ཁུངས་ཀྱི་རྒྱུ་རྐྱེན་ལེགས་སྒྲིག་བྱེད་པ་དང་།  གྲོང་ཁྱེར་ལ་བརྟེན་ནས་གྲོང་གསེབ་ལ་སྐུལ་ཁྲིད་དང་གྲོང་གསེབ་ལ་བརྟེན་ནས་གྲོང་ཁྱེར་ལ་སྐུལ་གཏོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།  ཆབ་སྲིད་ཀྱི་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་གནད་དོན་ཕྱོགས་སྟོན་དུ་དང་དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གཉེར་སྐྱོང་གི་ཁྱད་ཆོས་སྐྱེད་སྲིང་བྱེད་པ་དང་།  གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་དེ་བས་ནུས་ཆེའི་ཀུན་ཕན་དངུལ་རྩའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས་པའི་ཁར།  རྒྱུན་སྲིང་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱིས་ཆབ་སྲིད་ཀྱི་ཕན་འབྲས་དང་།  དཔལ་འབྱོར་གྱི་ཕན་འབྲས།  སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་དམ་ཟབ་བྱེད་དགོས།  དམངས་ཀྱི་ས་ནས་བླངས་པ་དམངས་ཀྱི་ཐད་སྤྱོད་པ་མཐའ་འཁྱོངས་བྱས་ཏེ་རང་ངོས་འཕེལ་རྒྱས་དེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ལས་ཞུགས་ཐག་གཅོད་དང་ཟུང་འབྲེལ་དམ་ཟབ་ཀྱིས་ལས་ཞུགས་ལ་སྐུལ་གཏོང་དང་།  ལས་ཤོར་འགན་བཅོལ།  ལས་རིགས་གསོ་སྦྱོང་།  ལས་བཟོའི་ཁེ་དབང་འགན་ལེན་སོགས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་ཐད་ཤུགས་བརྒྱབ་སྟེ་སྔར་བས་ཆ་ཚང་བ་དང་སྔར་བས་སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་ཡོང་བར་རྨང་གཞི་ཡག་པོ་འདིང་དགོས།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]