ཆེ་དགྲ་ལྷས་ལས་བགོས་འགན་གཉེར་ཚན་པའི་ཏང་སྲོལ་སྲིད་གཙང་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-24

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལས་བགོས་འགན་གཉེར་ཚན་པའི་ཏང་སྲོལ་སྲིད་གཙང་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས།  ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པར་ངེས་པར་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་ཀའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་ཡང་དག་བྱས་ཏེ།  ཏང་འཛུགས་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ལས་དོན་འདི་ཉིད།  བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ནས།  ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ཆད་སྐྱོན་ཧུར་ཐག་གསབ་ཐོག་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་ཁག་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་རྒྱུའི་ནན་བཤད་གནང་ཡོད།

ཆེ་དགྲ་ལྷས།  ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཏེ་རླབས་ཆེའི་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས།  ཀྲུང་ཧྭ་ཡི་རིག་གནས།  ཀྲུང་གོ་གུང་ཁྲན་ཏང༌།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་མོས་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང༌།  ཏང་ནན་པོས་སྐྱོང་བའི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ་སྤྱོད་ཚུལ་བཟང་བའི་ལས་གཏོད་རྣམ་པའི་ལས་བྱེད་དཔུང་ཁག་གཅིག་ཧུར་ཐག་གཏོད་ནས།  ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ནུས་པ་ཆེན་པོ་ཞིག་ཆགས་པ་བྱེད་དགོས་པ།  བརྟག་ཞིབ་དང་ཞབས་ཞུ།  དག་ཐེར་བཅས་ཀྱི་སྲོལ་བཟང་ཞིག་དར་བ་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་དེ།  དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ལེགས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཁྲོད་མངོན་པ་བྱེད་དགོས་པ།  ལྟེ་བའི་ལས་ཀར་ཞབས་ཞུ་ཏན་ཏིག་སྒྲུབ་ཏེ་ནོར་སྲིད་དང་རྩིས་བཤེར་གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས།  སྲིད་གཞུང་གིས་གཏོང་མཁས་སྤྱོད་མཁས་བྱེད་པའི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་དགོས་པ།  མ་དངུལ་དོ་དམ་ནན་པོ་དང་མ་དངུལ་བེད་སྤྱོད་ཚད་ལྡན།  མ་དངུལ་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་སྟེ་ལས་ཞུགས་དང་།  དམངས་འཚོ།  ཁྲོམ་རའི་བྱེད་པོ་བཅས་འགན་སྲུང་བྱེད་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་ནས་སྲིད་ཇུས་དང་མ་དངུལ།  ས་གནས་དང་གཞི་རིམ།  དམངས་འཚོ་བཅས་ཀྱི་ནང་ཐད་ཀར་དོན་འཁྱོལ་ཐུབ་རྒྱུ་འགན་སྲུང་བྱེད་དགོས་པ་བཅས་དང་ཆབས་ཅིག  སྐོར་ཞིབ་དང་སྐོར་གཟིགས།  རྩིས་བཤེར།  ལྟ་སྐུལ་སོགས་ཀྱི་ལམ་ལུགས་ཀྱི་གཅུན་འདོམས་ལ་གང་ལེགས་བརྟེན་ཏེ་ནན་པོའི་རྩ་བའི་དགོངས་གཞི་ཡུན་རིང་རྒྱུན་འཁྱོངས་བྱས་ནས་རུལ་སུངས་བྱེད་མི་ཕོད་པ་དང་།  རུལ་སུངས་བྱེད་མི་རུང་བ།  རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]