རང་ལྗོངས་ཀྱིས་སློབ་ཆེན་སློབ་ཐོན་པར་དམིགས་པའི་ལས་ཞུགས་སྲིད་ཇུས་གང་ལེགས་བཏོན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་སློབ་ཆེན་སློབ་ཐོན་པའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  སློབ་ཆེན་སློབ་ཐོན་པའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་མཛད་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱས་ནས།  ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་ཆེད།  འགོ་ཁྲིད་ཚོགས་ཆུང་གིས་ལྗོངས་ཡོངས་སུ་ཟླ་བ་གཉིས་རིང་གཤམ་སྐྱོད་ལྔའི་བྱེད་སྒོ་གཅིག་བསྡུས་ཐོག་སྤེལ་རྒྱུའི་གཏན་འཁེལ་བྱས་ཡོད།  
ལྷ་ས་གྲོང་ཁྱེར་གྱིས་འཕྲིན་གསུམ་སྣེ་གཅིག་ཞེས་པ་དང་བཞུགས་མོལ་ཚོགས་འདུ།  སྦྱོང་བརྡར་བྱེད་སྒོ།  གཉེན་སྦྲེལ་རོགས་འགྲིག་སོགས་ཀྱི་རྣམ་པའི་ཐོག་ནས་དྲིལ་བསྒྲགས་བྱེད་སྒོ་ཐེངས ༢༨༠ སྤེལ་ནས།  མི་ཐེངས ༧༥༠༠༠ ལ་ཞབས་ཞུ་སྒྲུབ་པ་དང་དྲིལ་བསྒྲགས་དཔྱད་གཞི ༦༥༠༠༠ བཀྲམ་ནས་སློབ་ཐོན་པ་དང་ཁོང་ཚོའི་ཁྱིམ་བདག་གི་ལས་ཞུགས་ལྟ་བ་འགྱུར་ལྡོན་གཏོང་གང་ཐུབ་བྱས་པ་རེད།  
མངའ་རིས་ས་ཁུལ་གྱིས་གདན་ཞུའི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མངའ་རིས་ས་ཁུལ་མི་སྤྱི་ཅུས་ཀྱི་འཕྲིན་ཕྲན་སྤྱི་སྟེགས་དང་མཁའ་དབྱིངས་ཀྱི་མངའ་རིས་ཞེས་པའི་འཕྲིན་ཕྲན་སྤྱི་སྟེགས།  མངའ་རིས་ས་ཁུལ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སོགས་ཀྱི་སྟེགས་བུར་བརྟེན་ནས་བརྒྱུད་བསྒྲགས་བྱས་ཏེ་ཆ་འཕྲིན་ཁྱབ་ཚད་ཆེ་རུ་བཏང་ནས།  སློབ་ཆེན་སློབ་ཐོན་པ་དེ་བས་མང་བས་གདན་ཞུའི་ཆ་འཕྲིན་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་བྱས་པ་རེད།  
ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་མི་སྤྱི་ཅུས་ཀྱིས་སྤྱི་ལོ ༢༠༢༠
ལོའི་ཞིང་འབྲོག་པའི་གནས་འགྱུར་ལས་ཞུགས་ཀྱི་ཉིན་བརྒྱའི་འགག་སྒྲོལ་བྱ་སྤྱོད་ཅེས་པ་དང་།  སློབ་ཆེན་སློབ་ཐོན་པའི་ཆེད་དོན་གདན་ཞུའི་བྱེད་སྒོ་སྤེལ་ཏེ་རྫོང་དེ་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་དང་ལྷག་པར་དུ།  ས་ངན་ཁུལ་གྱི་གནས་སྤོས་མང་ཚོགས་དང་སློབ་ཆེན་སློབ་ཐོན་པས་ལས་ཞུགས་ཀྱི་ལྟ་བར་འགྱུར་ལྡོག་གཏོང་རྒྱུར་རོགས་རམ་དང་།  སྲིད་ཇུས་ཤེས་རྟོགས་དང་བེད་སྤྱོད་ཐུབ་པ་བྱས་ཏེ།  ཁོང་ཚོའི་ལས་ཞུགས་ཀྱི་ནང་སྐྱེས་འགུལ་ཤུགས་འཕེལ་བ་བྱས་ནས།  ལས་ཞུགས་གང་ལེགས་དང་སྤུས་ལེགས་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]