ཆེ་དགྲ་ལྷས་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི་རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཚོཌ་འདུ་འཚོཌ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའུ་ཡི་ཧྲུའུ་ཅི། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི་རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་གནང་བ་དང་།  ཚོགས་འདུའི་ཐོག་ཉེ་བའི་ལོའི་རིང་བརྟན་ལྷིང་སྲུང་སྐྱོང་དང་དཔལ་འབྱོར་གོང་འཕེལ།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་།  མཐའ་མཚམས་སྟོབས་ཆེར་གཏོང་བ།  མཐའ་མཚམས་སྲ་བརྟན་དུ་གཏོང་རྒྱུ་བཅས་ཀྱི་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་གནང་བའི་བཀའ་སློབ་གལ་ཆེན་གྱི་དགོངས་དོན་ཆེད་དོན་སློབ་སྦྱོང་བྱས་པ་རེད།

རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཀྲོང་ཡན་དང་དབང་ཧའེ་ཀྲའུ།  ཀྲང་ཡུང་ཙེ།  བློ་མེས་སོགས་ཚོགས་འདུར་ཕེབས་ཡོད།

ཆེ་དགྲ་ལྷ་ནས་ཀྲུང་ཧྭ་མི་རིགས་གཅིག་ཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་གཙོ་ཐིག་སྟངས་འཛིན་ཏན་ཏིག་བྱས་ཏེ།  འཐབ་རྩོད་གལ་ཆེན་ལ་ཁ་གཏད་གཅོག་རྒྱུ་དང་འདུ་ཤེས་འཛིན་སྟངས་ལ་དམ་འཛིན་བྱེད་རྒྱུ།  ཆོས་ལུགས་བྱ་བར་དོ་དམ་བྱེད་རྒྱུ་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་སྟེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུ་དང་།  བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་རྒྱུ།  བོད་རྒྱུད་ནང་བསྟན་དེ་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་རྒྱུ།  བོད་རྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ།  ལོ་རྒྱུས་ལྔའི་སློབ་གསོ་གཏིང་ཟབ་སྤེལ་བ་བཅས་བྱས་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་མོས་སེམས་ལྔ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས་པ་དང་།  ཕན་ཚུན་འབྲེལ་མཐུད་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་མཐུན་སྒྲིལ་དང་བདེ་སྐྱིད་ཀྱི་ལམ་བུ་སྐྲུན་རྒྱུ་དང་།  རང་ངོས་གོང་འཕེལ་གྱི་ནུས་པ་མུ་མཐུད་ཆེ་རུ་བཏང་ནས་རང་འགུལ་ངང་གཞི་གཅིག་ཅན་གོང་འཕེལ་གྱི་རྒྱལ་ཁབ་འཐབ་ཇུས་ནང་མཉམ་འདྲེས་ཧུར་ཐག་བྱེད་རྒྱུ།  དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ནས་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པ་བཅས་བྱས་ཏེ།  གོང་འཕེལ་གྱི་གྲུབ་འབྲས་དེ་དམངས་འཚོ་ལེགས་བཅོས་དང་མཐུན་སྒྲིལ་ཟབ་ཏུ་གཏོང་བའི་ཐད་དོན་འཁྱོལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ།  སྐྱེ་ཁམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།  འབྱུང་འཕྲོད་གོང་འཕེལ་མགྱོགས་སུ་གཏོང་བ་བཅས་བྱས་ནས་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ།  ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་བཟོ་སྒྲིག་བྱེད་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར་ཤུགས་ཆེ་བྱེད་པ་དང་མཐའ་མཚམས་ཁུལ་གྱི་མང་ཚོགས་དང་ལྷག་པར་དུ་འཐབ་ཕྱོགས་དང་པོའི་མཐའ་མཚམས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བའི་དོན་དངོས་དཀའ་ངལ་ཐག་གཅོད་ཡག་པོ་བྱས་ཏེ།  མཐའ་སྲུང་མཐའ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]