སློབ་གསོ་སོགས་ཀྱི་ཁྱབ་ཁོངས་ལ་གནང་བའི་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༢ ཉིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གསོ་དང་རིག་གནས།  འཕྲོད་བསྟེན།  ལུས་རྩལ་བཅས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་པའི་འཐུས་མིའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བར།  རང་ལྗོངས་ཀྱི་སློབ་གསོ་དང་རིག་གནས།  འཕྲོད་བསྟེན།  ལུས་རྩལ་བཅས་ལས་རིགས་ཀྱི་མི་སྣའི་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད།

ཚང་མས་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་གསོ་སྐྱོང་ཧུར་ཐག་བྱེད་པ་དང་།  སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ།  འཕྲོད་བསྟེན་བདེ་ཐང་བྱ་གཞག་གོང་འཕེལ་ཤུགས་ཆེ་གཏོང་བ།  ལུས་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཚོའི་ཐོབ་སྣང་དང་སྐྱིད་སྣང་།  བདེ་སྣང་བཅས་ཆེ་རུ་བཏང་ནས།  རང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ལེགས་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་གསར་པ་སྣོན་པ་དང་རྣམ་པ་གསར་པ་གཏོད་རྒྱུ་ཡིན་ཞེས་བཤད།  
བོད་ལྗོངས་སློབ་གྲྭ་ཆེ་མོ་གསོ་རིག་སློབ་གླིང་སྔོན་འགོག་གསོ་རིག་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ལྷག་པ་བསམ་གྲུབ་ཀྱིས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ནང་སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཡིན་པ་དང་།  ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་པ་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་རྒྱུ་བརྟན་སྲུང་བྱས་ནས།  མི་དམངས་ཀྱི་བློ་ཡིད་འཚིམ་པའི་སློབ་གསོ་ཧུར་ཐག་གཉེར་དགོས་ཞེས་བཏོན་གནང་ཡོད་པ་དེས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་།  སློབ་གསོའི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་སླད་ཕྱིན་གྱི་ལས་ཀའི་ནང་ང་ཚོས་རང་ངོས་ཀྱི་ཕྱོགས་བསྡུས་བྱང་ཚད་སྔར་བས་མཐོ་རུ་བཏང་སྟེ་རིག་ཚན་ཆེད་ལས་ཀྱི་གྲུབ་ཚུལ་ལེགས་སུ་གཏོང་བ་དང་།  ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་ཐད་འབད་བརྩོན་བྱས་ནས་ཀུན་སྤྱོད་དང་ཤེས་རིག  ལུས་རྩལ།  མཛེས་རྩལ།  ངལ་རྩོལ་བཅས་ཕྱོགས་ཡོངས་གོང་འཕེལ་གྱི་ཤེས་ལྡན་པ་རྩེ་གྲྭ་དེ་བས་མང་བ་གསོ་སྐྱོང་བྱེད་རྒྱུ་ཡིན་ཞེས་བཤད།  
སློབ་གསོའི་ཁོངས་གཏོགས་ཀྱི་བཞུགས་མོག་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས།  རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་སྟེ་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་ཕྱོགས་འགྱུར་དང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་།  གསར་བརྗེའི་རིག་གནས་རྒྱུན་འཛིན་བྱེད་དགོས་པ།  སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་གོང་འཕེལ་གཏོང་དགོས་པ།  རྒྱུན་ཆད་མེད་པར་ཀྲུང་ཧྭ་ཡི་རིག་གནས་ཀྱི་འོད་སྟོང་འབར་བའི་རྣམ་པ་གསར་པ་གཏོད་དགོས་པ་བཅས་ཀྱི་ཐོག་ནས།  སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་རྒྱུའི་མཛུབ་སྟོན་གནང་ཡོད།  
ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ཀྱི་ལས་དོན་པ་གུ་ཧེང་ཀྲའོ་ཡིས་སླད་ཕྱིན་གྱི་ལས་ཀའི་ཁྲོད་ང་ཚོས་རིག་གནས་ལ་བརྟེན་ནས་མི་སྣ་ལེགས་སྐྱོང་བྱེད་པའི་འགན་འཁྲི་འཁུར་ཏེ།  སྤྲོ་སེམས་སྔར་བས་འཁོལ་བ་དང་དཔའ་ངར་དེ་བས་ཆེར་སྐྱེད།  སྤྱོད་ཚུལ་སྔར་བས་ཏན་ཏིག་བཅས་ཀྱི་ཐོག་ནས་རིག་གནས་འཛུགས་སྐྱོང་གི་ལས་དོན་ཁག་ཡག་པོ་སྒྲུབ་སྟེ།  མི་རིགས་ཁག་གི་མང་ཚོགས་ཚོའི་འགྲོ་ལམ་དང་རིག་གཞུང་།  ལམ་ལུགས།  རིག་གནས་བཅས་ཀྱི་གདེང་ཚོད་བརྟན་དུ་གཏོང་རྒྱུར་ཁྲིད་སྟོན་བྱེད་རྒྱུ་ཡིན་ཞེས་བཤད།  
རང་སྐྱོང་ལྗོངས་སྨན་རྩིས་ཁང་མཆིན་ནད་ཚན་ཁག་གི་ཀྲུའུ་རེན་བདེ་ཆེན་པད་སྒྲོན་གྱིས།  སྨན་བཅོས་འཕྲོད་བསྟེན་ཚན་པའི་ལས་དོན་པ་དང་དོ་དམ་པ་ཞིག་ཡིན་པའི་ངོས་ནས་འགན་འཁྲི་ཆེ་བའི་མྱོང་ཚོར་ཟབ་མོ་བྱུང་།  རང་རྟོགས་ངང་བདེ་ཐང་ལྟེ་བར་འཛིན་པ་དང་སྔོན་འགོག་ཨང་དང་པོར་འཇོག་པའི་འཐབ་ཇུས་ཀྱི་འགྱུར་བ་ལག་བསྟར་ཇི་ལྟར་བྱེད་རྒྱུ་ནི་སླད་ཕྱིན་ཀྱི་ལས་ཀའི་གཙོ་གནད་ཡིན་པས།  ང་ཚོས་མུ་མཐུད་རང་ངོས་ཀྱི་རིག་གཞུང་བྱང་ཚད་མཐོ་རུ་གཏོང་བ་དང་ལས་སྒོའི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ།  བོད་ཀྱི་སྨན་བཅོས་བྱ་གཞག་གོང་འཕེལ་ཡོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]