ཡུལ་སྐོར་ལས་རིགས་ལ་བརྟེན་ནས་དབུལ་གྲོལ་ཕྱུག་འགྱུར་ལམ་དུ་སྐྱོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བར་ག་ཤང་དེ་ཉིད་སྤུ་ཧྲེང་རྫོང་གི་ཤར་བྱང་རྒྱུད་དུ་ཡོད་པ་དང་།  ཤང་ཡོངས་ཀྱི་སྲིད་འཛིན་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ ༤༠༨༦ ཟིན་པ་དང་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི ༤༧༠༠ ཡོད་ཅིང་།  སྲིད་འཛིན་གྲོང་ཚོ་གཉིས་དང་དེ་བཞིན་གྲོང་མིའི་ཚོགས་ཆུང་བདུན་ཡོད། 
སྤྱི་ལོ ༢༠༡༩ ལོར་ཤང་ཡོངས་ཀྱི་ཐོན་སྐྱེད་བསྡོམས་འབོར་སྒོར་ཁྲི ༣༣༥༧ ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ ༢༤.༦ འཕར་བ་དང་།  གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར ༡༨༧༩༨ ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ ༡༩.༠༨ འཕར་ཡོད།

ཉེ་བའི་ལོ་ཤས་རིང་།  སྤུ་ཧྲེང་རྫོང་བར་ག་ཤང་ཏང་ཨུད་དང་སྲིད་གཞུང་ནས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཐའ་འཁྱོངས་བྱ་རྒྱུ་མཛུབ་ཁྲིད་དུ་བྱས་ཏེ།  དབུལ་གྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་ཇུས་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་།  གནས་རི་དང་མཚེའུ་ཡི་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་པ།  ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ།  ཡུལ་སྐོར་གསར་སྤེལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནང་ཧུར་ཐག་ཞུགས་པ་བཅས་བྱས་ནས།  ཡུལ་སྐོར་དང་སྐྱེ་ཁམས་ལ་བརྟེན་ནས་དབུལ་གྲོལ་བརྟན་པོ་ཡོང་བ་བྱས་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]