ཀྲོང་ཡན་གྱིས་ལྗོངས་འཕེལ་བསྒྱུར་ཨུ་ལྷན་གྱི་ཏང་ཀྲེ་པུའུ་བཞི་པར་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་འབྲེལ་གཏུགས་གནང་སའི་རང་སྐྱོང་ལྗོངས་འཕེལ་བསྒྱུར་ཨུ་ལྷན་གྱི་ཏང་ཀྲེ་པུའུ་བཞི་པར་བརྟག་ཞིབ་གནང་བར་ཕེབས་ནས།  ཀྲེ་པུའི་ཏང་ཡོན་དང་བཞུགས་མོལ་གནང་བ་དང་།  ལྗོངས་འཕེལ་བསྒྱུར་ཨུ་ལྷན་ཏང་ཙུའུ་དང་ཏང་ཀྲེ་པུའུ་བཞི་པས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་སྐོར་གྱི་ལས་ཀའི་སྙན་ཞུ་གསན་པ་མ་ཟད།  གོམ་སྟབས་རྗེས་མའི་ལས་དོན་ཐད་བླང་བྱ་བཏོན་གནང་བ་དང་བཀོད་སྒྲིག་ཀྱང་གནང་བ་རེད།

ཀྲོང་ཡན་གྱིས་རང་འགུལ་ངང་འགན་འཁུར་ལས་སྒྲུབ་དང་ཟོལ་མེད་ངང་རང་འགན་གཙང་སྒྲུབ་བྱས་ཏེ།  ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་རྒྱུ་དང་།  བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་པ།  ཆབ་སྲིད་དང་བསམ་བློ།  རྩ་འཛུགས།  སྤྱོད་ཚུལ།  སྒྲིག་ཁྲིམས།  ལམ་ལུགས་བཅས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་སྟེ་མཐུན་སྒྲིལ་དང་འབྱོར་ཕྱུག  ཤེས་དཔལ།  ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]