ལྷ་སས་གྲོང་གསེབ་ཀྱི་གྲོང་མིའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-27

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་ནང་།  ལྷ་ས་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་གྲོང་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་ལོ་གསུམ་བྱ་སྤྱོད་ཇུས་གཞིས་གཙོ་གནད་བྱས་ཏེ།  གྲོང་ཚོ་བཀོད་པ་ལེགས་བཅོས་ཐད་གཏོང་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  གད་སྙིགས་དང་བཙོག་ཆུ་གཙང་སེལ་ཐད་ཀྱི་ཆད་སྐྱོན་གསབ་པ།  གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེས་ཐད་འགག་སྒྲོལ་ཡོང་བ་བྱེད་པ།  གྲོང་ཚོའི་ཁོར་ཡུག་ལེགས་པོ་ཡོང་བ་བྱེད་པ་སོགས་གཙོ་གནད་ལས་དོན་ལ་དམིགས་ཏེ།  གྲོང་གསེབ་ཀྱི་གྲོང་མིའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད།
ད་ལོའི་ཚུན་དུ་ལྷ་ས་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་འཚོ་སྡོད་ལས་དོན་གཞུང་ལས་ཁང་གིས།  དཔྱིད་དུས་དང་དབྱར་དུས་སུ་གྲོང་ཚོའི་གཙང་སྦྲ་འཕྲོད་བསྟེན་གྱི་བྱེད་སྒོ་སྤེལ་བ་དང་།  ཕུགས་ཕན་གཙང་སྦྲའི་ལམ་སྲོལ་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན།  རྒྱུན་མཐུད་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད།  ད་བར་གྲོང་ཁྱེར་དེ་ཡོངས་ཀྱི་རྫོང་༼ཆུས༽ཁག་གིས་ཞིང་པ་མང་ཚོགས་མི་ཐེངས ༨༠༠༠༠ ལྷག་ཙམ་ངལ་རྩོལ་ནང་ཞུགས་སུ་བཅུག་པ་དང་།  མ་དངུལ་སྒོར་ཁྲི་ཚོ ༧༨ བཏང་ནས་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་ཀྲོན ༨༠༠༠ ལྷག་ཙམ་དང་ཕྱུག་ཟོག་གི་ལུད་ཀྲོན ༡༨༡༠ གཙང་སེལ་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན།  དེང་སྐབས་གྲོང་ཁྱེར་དེ་ཡོངས་ཀྱི་རྫོང་༼ཆུས༽ཁག་ཏུ་ཁྱོན་འཚོ་བའི་གད་སྙིགས་དབོར་འདྲེན་ས་ཚིགས ༡༨ དང་གྲོང་ཚོ ༥༥ རུ་གད་སྙིགས་རིགས་དབྱེ་བྱེད་གནས་ཡོད་པ།  གྲོང་ཚོ ༡༧༨ དུ་གད་སྙིགས་གཅིག་བསྡུས་བསྡུ་རུབ་ས་ཚིགས་ཡོད་པ་བཅས་གྲོང་ཚོས་རུབ་བསྡུས་དང་གྲོང་རྡལ་གྱིས་དབོར་འདྲེན།  རྫོང་གིས་གཙང་སེལ་བཅས་ཀྱི་གྲོང་གསབ་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་མ་ལག་སྤྱིར་ན་ཆགས་ཡོད།

དེང་སྐབས་གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་གསེབ་ཏུ་འཕྲོད་བསྟེན་གསང་སྤྱོད་ཡོད་པའི་དུད་ཚང་ ༢༦༡༠༠ ཟིན་ནས་གྲོང་ཁྱེར་དེ་ཡོངས་སུ་འཕྲོད་བསྟེན་གསང་སྤྱོད་ཁྱབ་ཚད་བརྒྱ་ཆ ༣༢ ཟིན་ཡོད།  དེ་དང་ཆབས་ཅིག་སྤྱི་ལོ ༢༠༢༠ ལོར་གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་གསེབ་དུད་ཚང་ ༦༠༠༠ ལྷག་ཙམ་གྱི་གསང་སྤྱོད་བསྒྱུར་བཟོ་ཟིན་ནས་གཞི་རིམ་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་ཕྱིན་ཡོད།

གཞན་ཡང་།  ལྷ་ས་གྲོང་ཁྱེར་གྱིས་རིགས་ཁག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  གྲོང་གསེབ་ཀྱི་རྣམ་པ་ལེགས་བཅོས་ཆེན་པོ་བཏང་བས་མང་ཚོགས་ཀྱི་འཚོ་སྡོད་ཁོར་ཡུག་ལེགས་སུ་ཕྱིན་ཡོད།  དེང་སྐབས་གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་ཚོ ༢༢༡ ལ་ཨར་འདམ་ལམ་བཟོས་ཟིན་པ་དང་གྲོང་ཚོ ༡༧༠ ཡི་ལམ་གཙོ་བོའི་གཡས་གཡོན་དུ་ལྗང་འགྱུར་བྱས་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]