ཧོ་ཝུན་ཧའོ་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་འགན་འཁྲི་དང་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱེད་དགོས་གསུངས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཡོངས་ཀྱི་ནག་སེལ་གཤེད་གཅོམ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་བརྙན་ལམ་ཚོགས་འདུ་འཚོགས་པ་དང་།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
ཧོ་ཝུན་ཧའོ་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ་དང་།  རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཆར་འགོད་ཟབ་མོ་བྱས་ཏེ།  ཏང་དང་མི་དམངས་ཀྱིས་དཀྲིས་པའི་འགན་འཁྲི་དང་ལས་འགན་ལེགས་སྒྲུབ་བྱེད་དགོས་པ་དང་།  འཐབ་རྩོད་མཐའ་གཅིག་ཏུ་བྱེད་པའི་ཆབ་སྲིད་ཀྱི་ལས་དོན་ཡག་པོ་སྒྲུབ་ནས་མིག་མཐོང་ལག་ཟིན་གྱི་འཐབ་རྩོད་གྲུབ་འབྲས་ཐོབ་ཐུབ་པ་བྱེད་དགོས་པ།  གནད་དོན་ལ་དམིགས་པའི་བཅོས་སྐྱོང་ལས་དོན་ཡག་པོ་སྒྲུབ་སྟེ་ལས་འགན་ཆད་ལུས་མེད་པ་དང་དམིགས་ཚད་དུས་བཀག་ལྟར་སྒྲུབ་ཐུབ་པ་བྱེད་དགོས་པ།  རྡུང་རྡེག་བཅོས་སྒྲིག་གི་འགག་སྒྲོལ་ལས་དོན་ཡག་པོ་སྒྲུབ་སྟེ་ཁྲིམས་བཞིན་རྡུང་རྡེག་གཏིང་ཟབ་ལ་མཐར་ཕྱིན་པ་བཏང་ནས་ནག་སེལ་ལས་འགན་གཙང་སྒྲུབ་བྱེད་དགོས་པ།  རྒྱུན་བཅོས་ཕུགས་ཕན་གྱི་རང་འགུལ་ལས་དོན་ཡག་པོ་སྒྲུབ་སྟེ་ལམ་ལུགས་རྒྱུན་མཐུད་ཐུབ་པ་བྱེད་དགོས་པ།  དྲང་ཕྱོགས་དྲིལ་བསྒྲགས་ཀྱི་གླེང་ཕྱོགས་ལས་དོན་ཡག་པོ་སྒྲུབ་སྟེ་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་འགན་སྲུང་ཐུབ་པ་བྱེད་དགོས་པ།  རྩ་འཛུགས་འགན་ལེན་གྱི་སྤྱི་ཡོངས་ལས་དོན་ཡག་པོ་སྒྲུབ་སྟེ་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]