མངའ་རིས་ས་ཁུལ་གྱིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བྱེད་སྒོ་གཏིང་ཟབ་སྤེལ་བའི་ཚ་རླབས་ཤིག་རྒྱུན་མཐུད་འཕྱུར་བ་བྱས།

ཡོང་ཁུངས།   བོད་ལྗོངས་རླང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོའི་ཚུན་དུ་མངའ་རིས་ས་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་ནས་ཐོག་མཐའ་བར་གསུམ་དུ་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་།  མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གཏོད་པའི་བྱེད་སྒོའི་ནང་དོན་གལ་ཆེའི་ཞིག་ལ་རྩིས་རྒྱུ་རྒྱུན་འཁྱོངས་བྱས་ནས་མཐོང་ཆེན་པོ་དང་བཀོད་སྒྲིག་ཞིབ་ཚགས།  གཞི་རྟེན་གསར་གཏོད།  དངོས་འཛིན་དངོས་སྒྲུབ་བཅས་ཀྱི་ཐོག་ནས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བའི་ཚ་རླབས་ཤིག་རྒྱུན་མཐུད་འཕྱུར་བ་བྱས་ཡོད།  
མངའ་རིས་ས་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་ནས་མཐོ་ས་ནས་སྐུལ་འདེད་གཏོང་བ་དང་རིམ་པས་སྐུལ་སློང་སྐུལ་ཁྲིད་བྱེད་རྒྱུར་མཐོང་ཆེན་བྱས་ཏེ།  སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོའི་སྤེལ་ཕྱོགས་འགན་སྲུང་བྱས་པ་དང་སྐུལ་སློང་བཀོད་སྒྲིག་ཕྱོགས་ཡོངས་ལ་ཁྱབ་ཐུབ་པ་བྱས་ཡོད། 

ཤེས་རྟོགས་བྱས་པར་གཞིགས་ན།  མངའ་རིས་ས་ཁུལ་གྱིས་ཁག་སོ་སོར་རྫོང་ཁག་དང་ལས་རིགས་ཁོངས་གཏོགས་ཁག་ནས་ཕུལ་བྱུང་གི་སྒྲོག་འགྲེལ་པ་གཉིས་རེ་བདམས་ཏེ་གཅིག་བསྡུས་ཐོག་སྦྱོང་བརྡར་སྤྲད་པ་མ་ཟད།  ཆེད་ཕུལ་བྱུང་གི་སློབ་མ་གཉིས་བདམས་ནས་སྦྱོང་བརྡར་ཚོགས་པ་བཙུགས་ཏེ་རྫོང་བདུན་དུ་སྦྱོང་བརྡར་སྤྲོད་པར་སྐོར་སྐྱོད་ཀྱང་བྱས་ཡོད།  དེ་དང་ཆབས་ཅིག  རྫོང་ཁག་དང་ལས་རིགས་ཁོངས་གཏོགས་ཁག་གིས་ཀྱང་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྦྱོང་བརྡར་ལས་དོན་སྤེལ་བ་རེད།

སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་ཚ་རླབས་འཕྱུར་བ་བྱ་ཆེད།  མངའ་རིས་ས་ཁུལ་གྱིས་བྱེད་སྒོ་སྤེལ་བའི་དོན་སྙིང་གལ་ཆེན་དང་འཕེལ་རིམ་གནས་ཚུལ།  དོན་དངོས་ཕན་འབྲས།  སྔོན་ཐོན་དཔེ་བཟང་བཅས་དྲིལ་བསྒྲགས་ཤུགས་ཆེ་བྱས་ཏེ་ཞིང་འབྲོག་མང་ཚོགས་དང་གཞོན་ནུ་ལོ་ཆུང་སློབ་མ།  དགོན་སྡེའི་གྲྭ་བཙུན།  གཞུང་ཁོངས་ཁེ་ལས་ལས་མི་བཅས་བྱེད་སྒོའི་ནང་ཞུགས་རྒྱུར་སྐུལ་སློང་ཧུར་ཐག་བྱས་ནས་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་གཏོད་ཡོད།  རྣམ་པ་འདྲ་མིན་སྣ་ཚོགས་ཐོག་ནས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་དྲིལ་བསྒྲགས་ཤུགས་ཆེ་བྱས་པ་དང་ལྟ་ཕྱོགས་མང་པོའི་ཐོག་ནས་སྔོན་ཐོན་དཔེ་མཚོན་བརྩམས་བྱ ༢༨ སྔོགས་འདོན་བྱས་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]