རང་ལྗོངས་ཀྱིས་དམངས་གཉེར་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་ཤུཌ་སྣོན་བརྒྱབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༧ ཉིན་གྱི་སྔ་དྲོ།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས ༢༢ པས་ཚོགས་ཆུང་མཉམ་འབྲེལ་ཚོགས་འདུ་འཚོགས་ཏེ།  དམངས་གཉེར་དཔལ་འབྱོར་གོང་འཕེལ་གནས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་སྒྲོན་ལ་གྲོས་ཞིབ་དང་ཆེད་དོན་བློ་འདྲི་གནང་བ་རེད།  
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འོད་ཟེར་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་ཚོགས་འདུར་ཞུགས་ཏེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་གསུང་བཤད་གནང་བ་རེད། 
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི ༡༣ ནས་དམངས་གཉེར་དཔལ་འབྱོར་གྱི་ཚོང་གཉེར་ཁོར་ཡུག་ལེགས་བཅོས་དང་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ།  དམངས་གཉེར་ཁེ་ལས་ཀྱིས་མ་དངུལ་བསྡུ་རྒྱུག་གི་གནད་དོན་ཐག་གཅོད།  དམངས་གཉེར་ཁེ་ལས་སུ་ལས་མི་བསྡུ་རྒྱུར་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་གནད་དོན་དང་བསྟུན་ནས་བློ་འདྲི་གནང་བ་རེད།  རང་སྐྱོང་ལྗོངས་སྲིད་གཞུང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བ་ཚོགས་འདུར་ཕེབས་ནས་བསམ་འཆར་གསན་པ་དང་འདྲི་བར་ལན་བསྐྱོན་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]