ཧི་མ་ལ་ཡ་བརྒལ་བའི་རྐང་འཁོར་འགྲན་བསྡུར་སྐབས་གསུམ་པ་ཉིང་ཁྲི་དང་ལྷ་སར་སྤེལ་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-19

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུད་དང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།  བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པའི་ཧི་མ་ལ་ཡ་བརྒལ་བའི་རྐང་འཁོར་འགྲན་བསྡུར་སྐབས་གསུམ་པ་སྤྱི་ཟླ་བཅུ་པའི་ཚེས ༢༠ ཉིན་ནས་ཚེས ༢༢ ཉིན་བར་ཉིང་ཁྲི་དང་ལྷ་ས་གྲོང་ཁྱེར་དུ་བྱེད་རྒྱུ་རེད། 
དུས་ཡུན་ཉིན་གསུམ་གྱི་འགྲན་བསྡུར་ནང་ལམ་དུམ་བུ་གསུམ་ལ་དབྱེ་ནས་འགྲན་བསྡུར་བྱེད་རྒྱུ་དང་།  སྤྱི་ཟླ་བཅུ་པའི་ཚེས ༢༠ ཉིན་འགོ་ཚུགས་མཛད་སྒོ་འཚོག་ནས་དུམ་བུ་དང་པོའི་འགྲན་བསྡུར་བྱེད་རྒྱུ་དང་།  སྤྱི་ཟླ་བཅུ་པའི་ཚེས ༢༡ ཉིན་དུམ་བུ་གཉིས་པའི་འགྲན་བསྡུར་བྱེད་རྒྱུ།  སྤྱི་ཟླ་བཅུ་པའི་ཚེས ༢༢ ཉིན་མཇུག་སྒྲིལ་མཛད་སྒོ་དང་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོག་རྒྱུ་བཅས་རེད།   
ཤེས་རྟོགས་བྱས་པར་གཞིགས་ན།  ད་ཐེངས་ཀྱི་འགྲན་བསྡུར་ཐོག་སྤྱིའི་ལམ་ཐག་སྤྱི་ལེ ༢༡༨ ཟིན་པའི་གཞུང་ལམ་གྱི་རྐང་འཁོར་འགྲན་བསྡུར་དང་།  སྤྱིའི་ལམ་ཐག་སྤྱི་ལེ ༢༢༦ ཟིན་པའི་རི་ཁུལ་གྱི་རྐང་འཁོར་འགྲན་བསྡུར་བྱེད་རྒྱུ་དང་།  ཉིང་ཁྲི་གྲོང་ཁྱེར་འགྲེམས་ཚོགས་ལྟེ་གནས་ནས་འགོ་ཚུགས་ཏེ་ལྷ་ས་གྲོང་ཁྱེར་གྱི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་མཇུག་སྒྲིལ་རྒྱུ་རེད།  ཐེངས་འདིའི་འགྲན་བསྡུར་ནང་རུ་ཁག་བཅུ་གཅིག་གི་རུ་མི ༦༠ ཡིས་གཞུང་ལམ་གྱི་རྐང་འཁོར་འགྲན་བསྡུར་ནང་ཞུགས་རྒྱུ་དང་།  རུ་ཁག་བཅོ་ལྔའི་མི ༨༠ ཡིས་རི་ཁུལ་གྱི་རྐང་འཁོར་འགྲན་བསྡུར་ནང་ཞུགས་རྒྱུ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]