ཉེ་བའི་ལོའི་ནང་ཉིང་ཁྲིས་དབུལ་སྐྱོར་ཐོན་ལས་གོང་འཕེལ་ཤུགས་ཆེ་བཏང་སྟེ་མང་ཚོགས་ཕྱུག་པོའི་ལམ་དུ་ཁྲིད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས་གྲོང་ཁྱེར༼ས་ཁུལ༽༧ གྱི་དབུལ་སྐྱོར་ཁེ་ལས་ཁག་གིས་མང་ཚོགས་དབུལ་གྲོལ་ཕྱུག་འགྱུར་བྱུང་བའི་གྲུབ་འབྲས་བསྣམས་ཏེ།  ལྷ་སར་དབུལ་གྲོལ་འགག་སྒྲོལ་ཐོན་ལས་ཀྱི་དབུལ་གྲོལ་གྲུབ་འབྲས་འགྲེམས་སྟོན་ནང་ཞུགས་པ་རེད།  ཉིང་ཁྲིའི་འགྲེམས་ཁང་དུ་ཀོང་པོ་རྒྱ་མདའ་རྫོང་བོད་ལྗོངས་གཤིན་ས་བོད་ཕག་གསར་སྤེལ་ཚད་ཡོད་ཀུང་སིའི་འགན་འཁུར་བས་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ་རིན་མེད་ངང་བོད་ཕག་ཕག་ཀྲིན་གྱི་བྲོ་བ་མྱོང་དུ་འཇུག་བཞིན་ཡོད་པ་དང་།  ཁོ་པས་གསར་འགོད་པར།  ཉིན་རེར་བོད་ཕག་ཕག་ཀྲིན་ཕྱིར་ཚོང་བྱེད་ཚད་སྒོར ༡༦༠༠༠ ལྷག་ཙམ་ཟིན་པ་དང་།  ཀུང་སིའི་བོད་ཕག་གི་ཕག་ཤའི་ཐོན་རྫས་པེ་ཅིང་དང་ཧྲང་ཧེ་གྲོང་ཁྱེར་སོགས་སུ་ཡང་བྲིན་ཁ་རྒྱུག་པོ་ཡོད་ཅེས་ངོ་སྤྲོད་བྱས།  ཀུང་སི་དེ་སྤྱི་ལོ ༢༠༡༥ ལོར་བཙུགས་པ་དང་ད་བར་སློབ་ཆེན་སློབ་ཐོན་པ ༣༧ གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་དང་།  ཀོང་པོ་རྒྱ་མདའ་རྫོང་གི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མང་ཚོགས ༥༦༥ དབུལ་གྲོལ་ཐུབ་པ་བྱས་པ་མ་ཟད་ལོ་ལྟར་སྒོར་ཁྲི་ཚོ ༧༦ གྱི་ཐ་སྐྱོང་ཁེ་སྤོགས་ཀྱང་སྤྲོད་ཀྱི་ཡོད།

རྫ་ཡུལ་རྫོང་ཨ་བཀྲ་འཁྱགས་རོམ་ནགས་ཁུལ་ཐོན་རྫས་ཚད་ཡོད་ཀུང་སིའི་བགྲེས་སོང་སྐལ་བཟང་གིས་རྫ་ཡུལ་གྱི་ཤིང་ཕོར་འཁྱེར་ཏེ་འགྲེམས་སྟོན་ནང་ཞུགས་པ་དང་།  ཁོང་གིས་གསར་འགོད་པར།  འགྲེམས་སྟོན་ནང་ཞུགས་རིང་ཉིན་ལྟར་ཤིང་ཕོར་ཕྱིར་ཚོང་བྱེད་ཚད་སྒོར ༡༠༠༠༠ ལྷག་ཙམ་ཟིན་གྱི་འདུག་ཅེས་བཤད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  ཉེ་བའི་ལོའི་ནང་ཉིང་ཁྲི་གྲོང་ཁྱེར་གྱིས་སྔ་ཕྱི་བསྡོམས་གཅིག་གྱུར་འཆར་འགོད་ཐོག་མ་དངུལ་སྒོར་དུང་ཕྱུར ༤༧ ལྷག་ཙམ་སྒྲིལ་བཅོས་བྱས་ནས།  དབུལ་གྲོལ་འགག་སྒྲོལ་ཐད་བེད་སྤྱོད་བཏང་བ་དང་བོད་ཕག་དང་སྤུས་ལེགས་ཤིང་འབྲས།  ནགས་ཁུལ་གྱི་ཤ་མོ།  སྐྱེ་ཁམས་ཡུལ་སྐོར་སོགས་དབུལ་སྐྱོར་ཐོན་ལས་གོང་འཕེལ་ཤུགས་ཆེ་བཏང་སྟེ།  ཐོན་ལས་དབུལ་སྐྱོར་རྣམ་གྲངས ༦༡༡ ལག་ལེན་བསྟར་བའི་ནང་རྣམ་གྲངས ༥༢༡ ལས་མཇུག་སྒྲིལ་ཏེ་མ་དངུལ་སྒོར་དུང་ཕྱུར ༣༤ བཏང་ཟིན་པས།  དུད་ཚང་ལ་རྣམ་གྲངས་ཡོད་པ་དང་གྲོང་ཚོར་ཐོན་ལས་ཡོད་པ།  ཤང་ཡུག་སྒྲིལ་བྱས་ནས་གཞི་ཁྱོན་ཆགས་པ།  ཕན་འབྲས་མངོན་གསལ་དོད་པ་བཅས་ཀྱི་དབུལ་སྐྱོར་ཐོན་ལས་ཀྱི་རྣམ་པ་ཞིག་ཆགས་ཤིང་ཐོན་ལས་དབུལ་སྐྱོར་རྣམ་གྲངས་དབུལ་ཕོངས་མི་འབོར་སྤྱི་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]