ཁ་རུབ་ཆུས་ཀྱིས་ནགས་ལས་དང་ཞིང་ལས་ཟུང་འབྲེལ་བྱེད་པའི་ཐོན་ལས་དབུལ་གྲོལ་ལམ་བུར་བསྐྱོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་དེ།  ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་པས།  ནགས་ལས་དང་ཞིང་ལས་ཟུང་འབྲེལ་བྱེད་པའི་ཐོན་ལས་དབུལ་གྲོལ་གྱི་ལམ་བུའི་ཐོག་བསྐྱོད་ཐུབ་ཡོད།

ད་ལོ་མ་དངུལ་སྒོར་ཁྲི་ཚོ ༥༩༤༠ བཏང་ནས་བསྐྲུན་པའི་ཁ་རུབ་ཆུས་ཀྱི་ནགས་ལས་ཐོན་ལས་འདེབས་འཛུགས་རྟེན་གཞི་བེད་སྤྱོད་གཏོང་འགོ་ཚུགས་པ་དང་།  རྣམ་གྲངས་འཛུགས་སྐྲུན་བྱེད་རིང་སྔ་རྗེས་སུ་ས་ཆ་དེ་གའི་མང་ཚོགས་མི་ཐེངས ༢༦༠༠ ལས་ཞུགས་ཐུབ་ནས་འབབ་འཕར་སྒོར་ཁྲི་ཚོ ༩༩ ལྷག་ཙམ་བྱུང་ཡོད།  ཁ་རུབ་ཆུས་ཀྱིས་ཚད་ལྡན་ཅན་གྱི་གསོ་ཚགས་རྟེན་གཞི་ཆེ་གྲས་ཁག་ལ་བརྟེན་ནས་གཟན་ཆག་ཨ་ཤོམ་འདེབས་འཛུགས་སོགས་ཀྱི་རྣམ་གྲངས་ལག་བསྟར་ཤུགས་ཆེ་བྱས་པས།  འགུ་རོ་གྲོང་རྡལ་དང་ས་སྒང་ཤང་།  རི་དུང་ཤང་སོགས་སུ་ཟན་ཆགས་ཨ་ཤོམ་འདེབས་ཁྱོན་མུའུ ༥༠༠༠ ཟིན་ནས་ས་ཞིང་བོགས་མར་བཏང་བ་བརྒྱུད་འབབ་འཕར་སྒོར་ཁྲི་ཚོ ༤༥༠ བྱུང་ཡོད།  ད་ལོའི་སྤྱི་ཟླ ༧ པའི་ཟླ་མཇུག་བར་འདེབས་འཛུགས་རྟེན་གཞིར་མང་ཚོགས ༥༠༠ ལས་ཞུགས་ཐུབ་སྟེ་འབབ་འཕར་སྒོར་ཁྲི་ཚོ ༡༢༠ བྱུང་བ་རེད། 
ད་ལོའི་ཚུན་དུ་ཁ་རུབ་ཆུས་ཀྱིས་མ་དངུལ་སྒོར་ཁྲི་ཚོ ༩༠༠ བཏང་ནས་ནགས་ལས་ཐོན་ལས་ཀྱི་གཙོ་གནད་དཔལ་འབྱོར་ཤིང་རིགས་འདེབས་འཛུགས་ཀྱི་རྣམ་གྲངས་ལག་བསྟར་བྱས་ཏེ།  ཁམ་སྡོང་དང་ཀུ་ཤུའི་སྡོང་པོ་སོགས་རིགས་ཁག་གི་སྡོང་ཕྲུག་རྐང་ ༡༤༣༠༠ འདེབས་འཛུགས་བྱས་པས།  མང་ཚོགས ༡༢ ལས་ཞུགས་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་ཁྲི་ཚོ ༡༠ བྱུང་བ་རེད།  དེ་དང་ཆབས་ཅིག་མ་དངུལ་སྒོར་ཁྲི་ཚོ ༣༣༣༠ བཏང་ནས་སྡོང་ཕྲུག་རྟེན་གཞི་བསྐྲུན་ཏེ་རིགས་ཁག་གི་སྡོང་ཕྲུག་རྐང་ཁྲི་ཚོ ༥༣ ལྷག་ཙམ་འདེབས་འཛུགས་བྱས་ཡོད།  ད་བར་རྟེན་གཞི་དེ་བརྒྱུད་ཉེ་འཁོར་གྱི་དབུལ་ཕོངས་དུད་ཚང་གི་ངལ་ནུས་ལས་ཞུགས་ཐུབ་པ་དང་།  ས་ཞིང་བོགས་མར་གཏོང་བ་སོགས་བྱས་པས་ཡོང་འབབ་སྒོར་ཁྲི་ཚོ ༢༡༥ ལྷག་ཙམ་བྱུང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]