རང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་བསྒྱུར་བཟོའི་ལས་དོན་ཏན་ཏིག་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-24

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་འཚོགས་གནང་ནས།  རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་བསྒྱུར་བཟོའི་ལས་ཀའི་འཕེལ་རིམ་གནས་ཚུལ་གསན་པ་དང་།  གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་བསྒྱུར་བཟོའི་སྤྱི་ལོ ༢༠༢༡ ལོའི་འཆར་གཞིར་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
ཅང་ཅེས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་བསྒྱུར་བཟོ་བྱེད་རྒྱུ་ནི་དམངས་འཚོའི་ལས་གཞི་དང་གོང་འཕེལ་གྱི་ལས་གཞི་གལ་ཆེན་ཞིག་ཡིན་པས།  མི་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་གྲོང་མིའི་བསམ་འཆར་བསྡུ་ལེན་གང་ལེགས་བྱེད་པ་དང་།  ལུགས་མཐུན་ངང་བསྒྱུར་བཟོའི་ནང་དོན་གཏན་འཁེལ་བྱས་ནས་སྡེ་ཁུལ་རྙིང་པར་རླངས་འཁོར་འཇོག་ས་དང་སྔོ་ལྗང་ཁུལ།  གད་སྙིགས་བསྡུ་ལེན།  ཆུ་མཁོ་འདོན་དང་བཙོག་ཆུ་གཙང་སེལ།  སྤྱི་པའི་བྱེད་སྒོ་སྤེལ་གནས།  སྡེ་ཁུལ་གྱི་ཞབས་ཞུ་ཁང་སོགས་རྟ་སྒ་ཆ་སྒྲིག་དང་གྲོང་སྲིད་ཀྱི་རྨང་གཞིའི་སྒྲིག་བཀོད་གཙོ་གནད་ཐོག་བསྒྱུར་བཟོ་འཐུས་ཚང་བཟོ་དགོས་པ་དང་།  གྲོང་མིའི་རང་མོས་རྒྱུན་འཁྱོངས་ཐོག་སྡེ་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་དང་སྤྱི་ཚོགས་སྟོབས་ཤུགས་བསྒྱུར་བཟོར་རྒྱབ་སྐྱོར་དང་དེའི་ནང་ཞུགས་རྒྱུར་སྐོང་འཐེན་གང་ལེགས་བྱེད་དགོས་པ།  འཛུགས་སྐྲུན་དང་དོ་དམ་གལ་མཉམ་ཆེར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་གཞི་རིམ་གྱི་ཏང་འཛུགས་ལ་ཤུགས་སྣོན་རྒྱག་རྒྱུས་སྣེ་ཁྲིད་བྱས་ནས།  སྡེ་ཁུལ་གྱི་བཅོས་སྐྱོང་ནུས་པ་དེ་བསྒྱུར་བཟོའི་བརྒྱུད་རིམ་ནང་མཉམ་འདྲེས་ཐུབ་པ་བྱས་ཏེ།  སྡེ་ཁུལ་གྱི་ཕུགས་ཕན་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]