རང་ལྗོངས་ཀྱིས་སློབ་ཆེན་སློབ་ཐོན་པའི་ལས་ཞུགས་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་བྱས།

ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-24

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  གསར་འགོད་པས་རང་སྐྱོང་ལྗོངས་སློབ་ཆེན་སློབ་ཐོན་པའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  སློབ་ཆེན་སློབ་ཐོན་པའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱས་ནས།  ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་ཆེད།  འགོ་ཁྲིད་ཚོགས་ཆུང་གིས་ལྗོངས་ཡོངས་སུ་དུས་ཡུན་ཟླ་བ་གཉིས་ཀྱི་གཤམ་སྐྱོད་ལྔ་དང་།  དྲིལ་བསྒྲགས་གཅིག༼སློབ་གྲྭ་དང་ཁེ་ལས།  ཞིང་འབྲོག་ཁུལ།  ལས་ཁུངས།  ཁྱིམ་ཚང་བཅས་སུ་བསྐྱོད་ནས་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་དྲིལ་བསྒྲགས༽གི་བྱེད་སྒོ་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད།
ལྷ་ས་གྲོང་ཁྱེར་གྱིས་སྤྱི་ལོ ༢༠༢༠ ལོའི་སྲིད་ཇུས་དྲིལ་བསྒྲགས་ཀྱི་འཕྲིན་ཕྲན་ཚོགས་པ་དང་སྤྱི་སྟེགས་བཙུགས་པ།  བརྙན་ཐུང་པར་ལེན་དང་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་ནས།  མི་ཐེངས་ཁྲི་ཚོ ༧.༥ ལ་དྲིལ་བསྒྲགས་དང་ཞབས་འདེགས་ཐེངས ༢༨༠ ཞུས་པ།  དྲིལ་བསྒྲགས་དཔྱད་ཡིག་ཁྲི་ཚོ ༦.༥ སྤྲད་པ་བཅས་བྱས་ཏེ་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་དང་ལས་ཞུགས་ཀྱི་དུས་བབ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་མ་ཟད།  སློབ་ཆེན་སློབ་ཐོན་པ་དང་ཁྱིམ་བདག་གི་ལས་ཞུགས་ལྟ་བར་འགྱུར་ལྡོག་གཏོང་གང་ཐུབ་ཀྱང་བྱས་པ་རེད།
ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་མི་སྤྱི་ཅུས་ཀྱིས་ཞིང་འབྲོག་པའི་གནས་འགྱུར་ལས་ཞུགས་ཀྱི་སྤྱི་ལོ ༢༠༢༠ ལོའི་ཉིན་བརྒྱའི་འགག་སྒྲོལ་བྱ་སྤྱོད་དང་སློབ་ཆེན་སློབ་ཐོན་པ་གདན་ཞུའི་ཆེད་དོན་འདུ་ཚོགས་གཉེར་ཏེ།  རྫོང་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་དང་ལྷག་པར་དུ་ས་ངན་ཁུལ་གྱི་གནས་སྤོས་མང་ཚོགས་དང་།  སློབ་ཆེན་སློབ་ཐོན་པའི་ལས་ཞུགས་ཀྱི་ལྟ་བར་འགྱུར་ལྡོག་གཏོང་རོགས་བྱས་ནས།  སྲིད་ཇུས་ཤེས་རྟོགས་དང་བེད་སྤྱོད་བྱས་ཏེ་ལས་ཞུགས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་ཏེ།  རྫོང་ཡོངས་སུ་ལས་ཞུགས་དེ་བས་ལེགས་པ་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]