རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཁག་ཅིག་གིས་གཞི་རིམ་དུ་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུཌ་མོལ་ཚོཌ་འདུ་ཐེངས༧པའི་དགོངས་དོན་སྒྲོག་འགྲེལ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་བསྟུད་མར།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཝང་ཅུན་དང་མོང་ཞའོ་ལིན།  ཀྲང་ཧུང་པོ།  ཀའོ་དབྱང་།  སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ།  བློ་བཟང་འགྱུར་མེད།  སངས་རྒྱས་གྲགས་པ་བཅས་ནས་ཁག་སོ་སོར་ལྷོ་ཁ་དང་ནག་ཆུ།  ཉིང་ཁྲི་སོགས་སུ་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་གནང་བར་ཕེབས་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  ཁོང་རྣམས་པས་སྒྲོག་འགྲེལ་གནང་སྐབས།  བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་གྱི་དོན་སྙིང་ཕུན་སུམ་ཚོགས་པ་དང་གཏིང་ཟབ་པོ་ཡོད་པས།  ལྗོངས་ཡོངས་གོང་འོག་དང་ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱེད་པ་དང་།  གོ་བ་གཏིང་ཟབ་ལེན་པ།  དོན་དངོས་དང་ཟུང་འབྲེལ་བཅས་ཀྱི་ཐོག་བསམ་སྦྱོར་གཉིས་བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱེད་པ་དང་།  རྒྱུན་ཆད་མེད་པར་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་གདེང་ཚོད་བཞི་བརྟན་དུ་གཏོང་བ།  སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཐོག  དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་།  དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ཏན་ཏིག་སྒྲུབ་ནས་དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ལེགས་གོང་འཕེལ་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ།  མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]