དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་འགྲེམས་སྟོན་ཐོག་ཆབ་མདོའི་ཁེ་ལས༢༩ཡིས་ཁྱད་ལྡན་ཐོན་རྫས༣༠༠ལྷག་འགྲེམས་སྟོན་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༢༠ ལོའི་བོད་ཀྱི་དབུལ་གྲོལ་འགག་སྒྲོལ་གྱི་ཐོན་ལས་དབུལ་སྐྱོར་གྲུབ་འབྲས་འགྲེམས་སྟོན་ཐོག་ཆབ་མདོ་གྲོང་ཁྱེར་གྱི་ཁེ་ལས ༢༩ ཡིས་ཁྱད་ལྡན་ཐོན་རྫས ༣༠༠ ལྷག་ཙམ་འགྲེམས་སྟོན་བྱས་ཡོད།

གྲོང་མི་ཀྲང་ཆེ་གེ་མོས་དཔའ་ཤོད་རྫོང་ལྷ་ཀླུ་ཁའི་བྲ་བོ་ལས་སྣོན་བཟོ་གྲྭའི་འགྲེམས་སྟེགས་ནས་བྲ་བོའི་སྔས་མགོ་ཁ་ཤས་ཉོས་པ་རེད།  ཁོང་གིས་ང་དེ་སྔོན་ཆབ་མདོར་བསྐྱོད་སྐབས་བྲ་བོའི་སྔས་མགོ་དེ་འདྲ་ཉོས་པ་ཡིན།  དེ་སྔས་མགོ་གཞན་ལས་བདེ་བ་མ་ཟད་གཉིད་སྐྱིད་པོ་ཁུག་གི་འདུག་པས་ད་རེས་མང་ཙམ་ཉོས་ནས་དགའ་ཉེ་སྤུན་མཆེད་དང་ལས་རོགས་ཚོར་སྤྲོད་རྩིས་ཡོད་ཅེས་བཤད།  དཔའ་ཤོད་རྫོང་ལྷ་ཀླུ་ཁའི་བྲ་བོ་ལས་སྣོན་བཟོ་གྲྭའི་འགན་འཁུར་བ་བློ་བཟང་སྒྲོལ་དཀར་གྱིས།  ཐོན་རྫས་བྲིན་ཁ་རྒྱུགས་པོ་འདུག་ང་ཚོས་དབུལ་ཕོངས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་བསྐྱེད་ཧུར་ཐག་བཏང་ནས།  ཞིང་ལས་ཐོན་འཕར་དང་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་ཡིན་ཞེས་བཤད།

ཆབ་མདོ་གྲོང་ཁྱེར་ཅུན་ཆིང་ཞིང་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིས་ནས་ཆག་དང་ནས་ཀྱི་ཁ་ཏོག་སོགས་ནས་ཀྱི་ཐོན་རྫས་མང་པོ་འགྲེམས་སྟེགས་བྱས་ཡོད།  ཀུང་སིའི་འགན་འཁུར་བ་དབྱིས་ཀྲི་གྲེང་གིས་ད་རེས་ཀྱི་འགྲེམས་སྟོན་ནང་ཞུགས་པ་བརྒྱུད་མི་དེ་བས་མང་བས་ང་ཚོའི་ནས་ཀྱི་ཐོན་རྫས་ལ་རྒྱུས་མངའ་ལོན་པ་བྱས་ཏེ།  མང་ཚོགས་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་རེ་ཡོད་ཅེས་བཤད།  སྤྱི་ལོ ༢༠༡༧ ལོར་ཀུང་སི་དེ་བཙུགས་པ་ནས་ད་བར་ཆབ་མདོའི་དབུལ་ཕོངས་དུད་ཚང་ ༣༠ ལྷག་ཙམ་ལ་ལས་ཞུགས་ལས་གནས་མཁོ་འདོན་བྱས་ཡོད་པ་དང་།  ཞིང་འབྲོག་མང་ཚོགས་ཀྱི་ས་ནས་ནས་སོགས་ཉོ་སྒྲུབ་བྱས་པས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི ༡༠༠ ལྷག་ཙམ་བྱུང་ཡོད་ཅིང་།  མུའུ་སྟོང་ཁ་ལོན་པའི་ནས་མཁོ་སྤྲོད་རྟེན་གཞི་བཙུགས་པས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི ༢༠ ལྷག་ཙམ་བྱུང་ཡོད།  དེ་དག་ཚང་མ་ནི་ཆབ་མདོ་གྲོང་ཁྱེར་གྱི་ཐོན་ལས་དབུལ་སྐྱོར་གྱི་མངོན་ཚུལ་ཙམ་ཞིག་རེད།  དུས་ཡུན་རིང་པོའི་ནང་ཆབ་མདོ་གྲོང་ཁྱེར་གྱིས་ཐོན་ལས་འབབ་འཕར་ཡོང་བ་བྱེད་རྒྱུ་དེ་དབུལ་གྲོལ་འགག་སྒྲོལ་གྱི་ཐབས་ལམ་གཙོ་བོ་དང་ཕུགས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཏུ་རྩིས་ནས།  གྲོང་ཁྱེར་དེ་ཡོངས་ཀྱི་གསོ་ཚགས་རྟེན་གཞི་ཆེ་གྲས་ལྔ་དང་འདེབས་བཙུགས་རྟེན་གཞི་ཆེ་གྲས་བདུན་ཀྱི་ཐོན་ལས་བཀོད་ཁྱབ་ལ་གཞིགས་ནས་ཤིན་ཏུ་དབུལ་བའི་ཁུལ་གྱི་འདེབས་འཛུགས་དང་གསོ་ཚགས།  ལས་སྣོན།  ཡུལ་སྐོར་རིག་གནས།  ཉོ་འཚོང་འཁོར་རྒྱུགས།  ཐོན་ཁུངས་གསར་སྤེལ་སོགས་ཐོན་ལས་རྣམ་གྲངས་ལ་གཙོ་གནད་ཐོག་རོགས་སྐྱོར་བྱས་ཡོད།

ད་བར་གྲོང་ཁྱེར་དེ་ཡོངས་ཀྱིས་ཐོན་ལས་དབུལ་སྐྱོར་རྣམ་གྲངས ༨༤༨ ལས་འགོ་བཙུགས་པའི་ཁྲོད་ཐོན་ལས་དབུལ་སྐྱོར་རྣམ་གྲངས ༧༢༠ བསྐྲུན་ཟིན་ཏེ་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མང་ཚོགས་ཁྲི ༡༠ ལྷག་ཙམ་དབུལ་གྲོལ་ཐུབ་རྒྱུར་སྐུལ་ཁྲིད་ཐེབས་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]