ཟླ་བ་དང༌ཆུང་ལྷ་གཉིས་ལ་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་བཟང་ཤོས་ཀྱི་མཚན་སྙན་ཐོབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང༌།  ལྷོ་ཁ་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་ཀུང་སིའི་རུ་ཁག་གཉིས་པའི་རུ་དཔོན་ཟླ་བ་དང༌།  ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཚད་ཡོད་ཀུང་སི་གདོང་དཀར་ཡན་ལག་ཀུང་སིའི་ཆུང་ལྷ་གཉིས་ལ།  འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང༌ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གནང་བའི་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་བཟང་ཤོས་ཀྱི་མཚན་སྙན་ཐོབ་པ་དང་།  ཟླ་བ་ལ་ད་དུང་རྒྱལ་ཡོངས་ཀྱི་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་བཟང་ཤོས་བཅུའི་མཚན་སྙན་ཐོབ་ཡོད།  རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ལ་ད་ཐེངས་འོས་སྦྱོར་དྲིལ་བསྒྲགས་བྱེད་སྒོའི་སྒྲིག་འཛུགས་ལེགས་སྐྱེས་ཚན་པའི་བྱ་དགའ་ཐོབ་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན།  ཟླ་བ་དང་ཆུང་ལྷ་གཉིས་ཀྱིས་རང་ལྗོངས་སུ་མི་རིགས་ཁག་གི་མང་ཚོགས་ཀྱི་འགྲུལ་བཞུད་བདེ་འཇགས་ལ་ཞབས་ཞུ་ཧུར་ཐག་བསྒྲུབས་ཐོག  རླངས་འཁོར་གཏོང་རིང་ལས་འཛོལ་དང་འགྲིམ་འགྲུལ་སྒྲིག་འགལ།  ཐེར་འདོན་བཅས་ཀྱི་གནས་ཚུལ་གཅིག་ཀྱང་ཐོན་མེད་པ་རེད།  གྲང་ཧྲ་རུ་འཚོགས་པའི་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་བཟང་ཤོས་ཀྱི་སྔོན་ཐོན་བྱས་རྗེས་སྙན་ཞུའི་ཐོག  ཟླ་བ་དང་ཆུང་ལྷ་གཉིས་ནས་རྒྱལ་ཡོངས་ཀྱི་གཟི་བརྗིད་ཐོབ་མཁན་གཞན་དང་མཉམ་དུ་ལས་ཀའི་ཉམས་མྱོང་སྤེལ་རེས་བྱས་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]