ལྷ་ནག་མྱུར་བགྲོད་གཞུང་ལམ་ལྷ་ས་ནས་ཡངས་པ་ཅན་བར་མྱུར་ཚད་ཚོད་འཛིན་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-30

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  གསར་འགོད་པས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་འགྲིམ་འགྲུལ་ཡན་ལག་རུ་ཁག་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ལྷ་ནག་མྱུར་བགྲོད་གཞུང་ལམ་ལྷ་ས་ནས་ཡངས་པ་ཅན་བར་རླངས་འཁོར་བདེ་འཇགས་ངང་འགྲོ་སྐྱོད་ཐུབ་ཆེད།  སྤྱི་ཟླ ༡༠ པའི་ཚེས ༢༥ ཉིན་ནས་བཟུང་།  ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་འགྲིམ་འགྲུལ་ཡན་ལག་རུ་ཁག་ལྷ་ནག་མྱུར་བགྲོད་གཞུང་ལམ་འགྲིམ་འགྲུལ་སྐོར་སྐྱོད་ཉེན་རྟོག་རུ་ཆེན་གྱིས།  མྱུར་ཚད་ཚོད་འཛིན་སྤ་སེ་སྤྲད་ནས་ལམ་དུམ་དེར་དངོས་སུ་མྱུར་ཚད་ཚོད་འཛིན་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན།  ལམ་དུམ་དེར་རིང་ཚད་སྤྱི་ལེ ༦༤ ཡོད་པ་དང་ཕུག་ལམ་ནང་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ ༦༠ ལས་བརྒལ་མི་ཆོག་ཅིང་།  དེ་མིན་ལམ་དུམ་བུར་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ ༡༠༠ ལས་བརྒལ་མི་ཆོག་པ་དང་།  མྱུར་ཚད་ལས་བརྒལ་ཚེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ་རེད།

གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན།  ལྷ་ནག་མྱུར་བགྲོད་གཞུང་ལམ་ལྷ་ས་ནས་ཡངས་པ་ཅན་བར་འཁོར་བྱང་སེར་པོའི་ཟོག་འདྲེན་རླངས་འཁོར་དང་འགྲུལ་སྐྱེལ་རླངས་འཁོར།  འཕྲུལ་མིན་འཁོར་ལོ།  ཐེར་གེ  སྦག་སྦག  འདྲུད་འཐེན་འཁོར་ལོ་སོགས་མྱུར་ཚད་སྤྱི་ལེ ༧༠ ལས་དམའ་བའི་འཕྲུལ་འཁོར་གཏོང་མི་ཆོག་པ་དང་།  སྤྱི་བདེ་ཚན་པས་ཁྲིམས་ལྟར་ཛ་དྲག་གཞུང་ལས་སྒྲུབ་པ་ཕུད།  ཚན་པ་དང་མི་སྒེར་གང་རུང་ཞིག་གིས་ཀྱང་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་བཀག་བཤེར་བྱེད་མི་ཆོག །

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]