ཅང་ཅེས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལས་དོན་གང་ལེཌ་སྤེལ་དགོས་པའི་བཀའ་སློབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-30

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༨ ཉིན།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཡིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས།  ནད་ཡམས་འགོག་ཟོན་ལས་དོན་དང་ལྷག་པར་དུ་ཕྱི་ཕྱོགས་ནས་ནད་ཡམས་འགོས་ཁྱབ་ཡོང་རྒྱུར་དོགས་ཟོན་བྱེད་དགོས་པའི་ཐད་སླར་ཡང་བཀོད་སྒྲིག་གནང་བ་རེད། 
ཅང་ཅེ་ནས་ཚན་པ་ཁག་གི་སྙན་ཞུ་ནན་ཏན་ངང་གསན་རྗེས།  དེང་སྐབས་ཀྱི་ནད་ཡམས་འགོག་ཟོན་ལས་ཀར་ཁས་ལེན་གང་ལེགས་གནང་བ་དང་སྦྲགས།  ནད་ཡམས་འགོག་ཟོན་ལས་ཀར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཀྱང་དེང་སྐབས་ནད་ཡམས་འགོག་ཟོན་གྱི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད།  ནེ་པ་ལ་དང་རྒྱ་གར་སོགས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ནད་ཡམས་འགོག་ཟོན་དུས་བབ་ཛ་དྲག་ཏུ་ཕྱིན་ཡོད་པ་དང་།  གནམ་གཤིས་འགྱུར་ལྡོག་འགྲོ་བ་དང་བསྟུན་ནས་ནད་ཡམས་འགོག་ཟོན་གྱི་གནོན་ཤུགས་ཆེ་རུ་ཕྱིན་པ་ངོས་འཛིན་གསལ་པོ་ཐུབ་པ་བྱེད་དགོས་པ།  རིམ་ཁག་ཚན་པ་ཁག་ནས་ནད་ཡམས་འགོག་ཟོན་ཀྱི་ལས་ཀའི་དཀའ་ཚེགས་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་སྔར་བས་ངོས་འཛིན་གཏིང་ཟབ་བྱེད་པ།  ལྷོད་གཡེང་དང་སྣང་མེད་ཀྱི་བསམ་པ་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ་ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་ནད་ཡམས་འགོག་ཟོན་གྱི་ལས་དོན་དང་།  ཕྱི་ཕྱོགས་ནས་ནད་ཡམས་འགོས་ཁྱབ་ཡོང་རྒྱུར་དོགས་ཟོན་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་མཛུབ་སྟོན་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]