ལྗོངས་ཡོངས་ཀྱི་ལས་ཁུངས་དང་ཁེ་ལས་ཁག་གིས་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-11-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་བསྟུད་མར།  ལྗོངས་ཡོངས་ཀྱི་ལས་ཁུངས་དང་ཁེ་ལས་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་།  བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཡོད།  རྒྱ་ཆེའི་ལས་བྱེད་ལས་བཟོ་པས་བསམ་སྦྱོར་གཉིས་ཀ་བློ་མཐུན་ཞི་ཅིན་ཕིང་ནས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ།  སློབ་སྦྱོང་གི་གྲུབ་འབྲས་དེ་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ལེགས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་འགུལ་ཤུགས་སུ་འགྱུར་བ་བྱེད་རྒྱུ་ཡིན་ཞེས་བཤད།

ཉེ་དུས།  ལྗོངས་ཐད་གཏོགས་ལས་ཁུངས་ཁག་གིས་གཅིག་མཇུག་གཉིས་མཐུད་ངང་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་གདན་ཞུ་བྱས་ཏེ།  བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་གྱི་ཆེད་དོན་སྒྲོག་འགྲེལ་བྱས་པ་དང་།  སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་རྒྱུ་དང་།  བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ནས་གོ་བ་ལེན་རྒྱུ།  སློབ་སྦྱོང་གི་གྲུབ་འབྲས་དེ་ལས་ཀར་སྐུལ་འདེད་གཏོང་བའི་འགུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་རྒྱུ་སོགས་ཀྱི་ནང་དོན་དང་བསྟུན་ནས་སྒྲོག་འགྲེལ་བྱས་ཡོད།

རང་སྐྱོང་ལྗོངས་རིག་གནས་ཐིང་མངོན་མིན་ཤུལ་བཞག་རིག་གནས་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཧུད་ཅན་ནས།  སྒྲོག་འགྲེལ་ཉན་རྗེས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལ་གོ་བ་དེ་བས་ཟབ་པ་ལེན་ཐུབ་བྱུང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་ནང་དོན་ཕུན་སུམ་ཚོགས་ལ་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་འདུག  དེའི་ཐོག་ནས་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དམིགས་བསལ་གྱི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་གྱི་ཡོད་ཅེས་བཤད།

བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་མེ་གསོད་རོགས་སྐྱོབ་བཀོད་འདོམས་པུའི་རམ་འདེགས་པ་ཚེ་དབང་རྡོ་རྗེ་ནས།  སྒྲོག་འགྲེལ་ཉན་རྗེས་ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་ཟབ་བཞེས་གནང་ལུགས་མྱོང་ཚོར་ཟབ་མོ་ཐུབ་བྱུང་ལ།  རང་ཉིད་ཀྱི་འགན་འཁྲི་ལྕི་པོ་ཡོད་པའི་མྱོང་ཚོར་ཡང་བྱུང་།  ངས་རང་ཉིད་ཀྱི་འགན་འཁྲི་དང་ལས་འགན་ཡག་པོ་བསྒྲུབས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

སློབ་སྦྱོང་ནན་ཏན་དང་བསམ་གཞིགས་གཏིང་ཟབ་བྱས་པ་བརྒྱུད་རྒྱ་ཆེའི་ལས་བྱེད་ལས་བཟོ་པས་རང་འཁྲིའི་ལས་ཀར་གཞི་ཚུགས་པ་དང་།  དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རང་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ལེགས་གོང་འཕེལ་ཡོང་ཆེད་ལེགས་སྐྱེས་འབུལ་བའི་སྟོབས་ཤུགས་ཆེན་པོ་སྔར་བས་གཅིག་སྒྲིལ་ཐུབ་ཡོད།

རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གྲོང་གསེབ་སྤྱི་ཚོགས་བྱ་གཞག་སྐུལ་འདེད་ཁྲུའི་ཁྲུའུ་ཀྲང་ཀྲང་ཀྲི་ནས།  རང་འཁྲིའི་ལས་གནས་ཐོག་གཞི་ཚུགས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་ནན་ཏན་བྱེད་པ་དང་།  གོང་འཕེལ་གསར་པའི་འདུ་ཤེས་དོན་འཁྱོལ་བྱས་ནས་ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་བྱ་གཞག་ལ་སྐུལ་སྤེལ་གཏིང་ཟབ་བཏང་སྟེ།  འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་གྲུབ་འབྲས་དེ་བས་ཆེ་བ་གཏོད་རྒྱུ་ཡིན་ཞེས་བཤད།

རང་སྐྱོང་ལྗོངས་ཚན་རྩལ་ཐིང་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་ཙེང་ཆིང་ཝེ་ནས།  རང་ལྗོངས་ཀྱི་ཕུན་སུམ་ཚོགས་པའི་རང་བྱུང་རིག་གནས་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱས་ནས།  ཚན་རིག་ཁྱབ་གདལ་གྱི་བོད་སྐྱོར་ལམ་སྲོལ་བརྒྱུད་ཚན་རིག་ཁྱབ་གདལ་གྱི་སྤྱི་པའི་རིག་གནས་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་བཏང་སྟེ།  བོད་ཀྱི་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་གི་ཚན་རིག་བརྒྱུད་སྤེལ་གྱི་ནུས་པ་སྔར་བས་འདོན་སྤེལ་བྱེད་རྒྱུ་ཡིན་ཞེས་བཤད།

ལོ་ལྔ་ཚན་བཅུ་བཞི་པར་ཁ་ཕྱོགས་སྐབས་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་།  བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་གྱིས་སྣེ་ཁྲིད་བྱས་ཏེ་མཐུན་སྒྲིལ་དང་འབྱོར་ཕྱུག  ཤེས་དཔལ།  ཞི་མཐུན།  མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་བཤད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]