您没有安装FlashPlayer或版本太低, 请点击获得最新版本FlashPlayer
དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན་རང་ལྗོངས་ཀྱིས་སྤྱི་ཚོགས་ཀྱི་དབུལ་སྐྱོར་ལས་ཀའི་བསམ་གཞི་གསར་པ་དང་བྱ་ཐབས་གསར་པ་འཚོལ་ཞིབ་རྒྱུན་ཆད་མེད་པ་བྱས་ཏེ། སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ངང་དེའི་ནང་ཞུགས་རྒྱུར་སྐུལ་སློང་ཧུར་ཐག་བྱེད་པ་དང་། དམངས་གཉེར་ཁེ་ལས་སོགས་སྤྱི་ཚོགས་རྩ་འཛུགས་དབུལ་གྲོལ་འགག་སྒྲོལ་ནང་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། འགག་སྒྲོལ་མཉམ་ཤུགས་གཅིག་སྒྲིལ་བྱས་ནས་སྤྱི་ཚོགས་ཀྱི་དབུལ་སྐྱོར་རྣམ་པ་ཟབ་མོ་བཏོད་པ་རེད།།