འབག་བཙོག་གཙང་སེལ་ལས་དོན་སྤེལ་ཆེད་ཁྲིམས་འཛིན་ཚན་པ་བརྒྱད་ཀྱིས་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-11-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

འགྱིག་ཤོག་གི་འབག་བཙོག་གཙང་སེལ་ལས་དོན་ཏན་ཏིག་སྤེལ་ཆེད་རང་ལྗོངས་ཀྱི་ཁྲིམས་འཛིན་ཚན་པ་བརྒྱད་ཀྱིས་ཉེ་དུས།  ཆེད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ཐོག་མཉམ་འབྲེལ་ལས་དོན་ཚོགས་ཆུང་བཙུགས་ནས་ཉིང་ཁྲི་དང་ལྷོ་ཁ།  ལྷ་ས་སོགས་སུ་བསྐྱོད་དེ་འགྱིག་ཤོག་ཐོན་སྐྱེད་ལས་སྣོན་གྱི་ཁེ་ལས་དང་སྡེབ་ཚོང་ཁྲོམ་ར།  སྒོ་རྩིས་ཚོང་ཁང་།  ཟ་ཁང་སོགས་འགྱིག་ཤོག་ཕྱིར་འཚོང་དང་བེད་སྤྱོད་ཀྱི་གྲངས་འབོར་ཅུང་མང་བའི་ས་ཆར་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད། 

མཉམ་འབྲེལ་ལས་དོན་ཚོགས་ཆུང་དུས་ཐོག་ཏུ་ཉིང་ཁྲིར་བསྐྱོད་དེ་ལས་ཁུངས་དང་མགྲོན་ཁང་།  མྱུར་སྐྱེལ་ས་ཚིགས།  ཚོང་ཁང་སོགས་སུ་འགྱིག་ཤོག་བཅོས་སྒྲིག་གི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་པ་མ་ཟད།  ཉིང་ཁྲི་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པ་དང་ཚོང་པ་རྣམས་ཀྱིས་ལྟ་སྐུལ་ཞིབ་བཤེར་ཁྲོད་ཐོན་པའི་གནད་དོན་ལ་དམིགས་ཏེ་ལས་ཀའི་ཤུགས་ཚད་ཆེ་རུ་བཏང་ནས་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་ལས་དོན་ཡག་པོ་སྒྲུབ་རྒྱུ་ཡིན་ཞེས་བཤད་པ་རེད། 

ལྟ་སྐུལ་ཞིབ་བཤེར་མི་སྣས་ལྷ་ས་གྲོང་ཁྱེར་དུ་སྒོ་རྩིས་ཚོང་ཁང་ཞིག་ལ་བཟའ་བཅའི་འགྱིག་ཤོག་ཐུམ་སྣོད་རྒྱལ་ཁབ་ཀྱི་ཚད་གཞི་ལོན་མིན་དང་ཉུང་དུ་གཏོང་ཐུབ་མིན་ཐད་ཞིབ་བཤེར་བྱས་པ་མ་ཟད།  གསོལ་མགྲོན་ཁང་ཁག་ཅིག་ཏུ་སྤྱོད་ཐེངས་གཅིག་རང་བཞིན་གྱི་འགྱིག་ཤོག་གཏན་འབེབས་ལྟར་བེད་སྤྱོད་བྱེད་མིན་ཐད་ཞིབ་བཤེར་ཡང་བྱས་པ་རེད། 

ཤེས་རྟོགས་བྱས་པར་གཞིགས་ན།  མཉམ་འབྲེལ་ལས་དོན་ཚོགས་ཆུང་གིས་སྤྱི་ཚེས ༢༠ ནས ༢༧ ཉིན་བར་ཉིང་ཁྲི་དང་ལྷོ་ཁ།  གཞིས་རྩེ།  ལྷ་ས་བཅས་གྲོང་ཁྱེར་བཞིར་འགྱིག་ཤོག་གི་འབག་བཙོག་བཅོས་སྒྲིག་ལས་དོན་ཐད་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ།  ཁོངས་གཏོགས་དོ་དམ་གྱི་འགན་འཁྲི་སྔར་བས་ནན་ཏུ་བཏང་ནས་འགྱིག་ཤོག་ཐོན་སྐྱེད་དང་ཕྱིར་འཚོང་།  བེད་སྤྱོད་བཅས་བྱེད་རྒྱུར་བཀག་འགོག་དང་ཚད་བཀག་བཟོས་པ་སོགས་འགྱིག་ཤོག་གི་འབག་བཙོག་བཅོས་སྒྲིག་བྱས་པས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ཐེབས་ཡོད། །

  ༼  རྩོམ་སྒྲིག་སྟོབས་ཆེན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]