གངས་ལྗོངས་བྱ་དེ་དཀར་པོ་ཞེས་པ་རང་ལྗོངས་ནས་གསོ་སྤེལ་བྱས་པའི་སྒོང་བྱ་གསར་པ་དང་པོར་གྱུར་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-11-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  རང་ལྗོངས་ཀྱིས་གསོ་སྤེལ་བྱས་པའི་གངས་ལྗོངས་བྱ་དེ་དཀར་པོ་ཞེས་པར་རྒྱལ་ཁབ་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་འཛིན་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གི་སྣེ་རིགས་གསར་པའི་ཞིབ་བཤེར་གཏན་འཁེལ་ཟིན་པས།  བྱ་རིགས་དེ་རང་ལྗོངས་ནས་གསོ་སྤེལ་བྱས་པའི་སྒོང་བྱ་དང་པོ་དེར་གྱུར་ཏེ་རང་ལྗོངས་ཀྱི་བོད་བྱའི་རྒྱུད་སྤེལ་ཐད་འགག་སྒྲོལ་ཆེན་པོ་བྱུང་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན།  གངས་ལྗོངས་བྱ་དེ་དཀར་པོ་ཞེས་པའི་སྒོ་ང་གཏོང་ནུས་གཞན་ལས་མངོན་གསལ་དོད་པོས་ཆེ་བ་ཡོད་ཅིང་།  གཟའ་འཁོར ༧༢ ལ་སླེབས་པའི་བྱ་མོས་སྒོ་ང་གཏོང་ཚད ༢༠༦ ནས ༢༠༩ བར་མང་དུ་ཕྱིན་ནས་སྒོ་ང་བསྙལ་ཚད་བརྒྱ་ཆ ༧༥ ཡན་ཟིན་ཏེ།  རིགས་རྒྱུད་འདེམས་གསོ་དང་འབྱུང་འཕྲོད་གསོ་སྤེལ།  ནུས་ཆེའི་རྒྱུད་འཕེལ།  ནད་ཡམས་འགོག་ཟོན།  ཁྱབ་གདལ་དཔེ་སྟོན་སོགས་ཐོན་ལས་ཅན་གྱི་རྟ་སྒ་ཆ་སྒྲིག་ལག་རྩལ་གྲུབ་སྟེ།  རང་ལྗོངས་ཀྱི་ཤ་སྒོང་དཀར་ཆུ་གསུམ་ལྡབ་འཕར་ཡོང་རྒྱུའི་འཆར་གཞིར་ཚན་རྩལ་གྱི་འདེགས་སྐྱོར་བྱུང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ལོ ༢༠༠༦ ལོའི་ཚུན་དུ་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་རང་ལྗོངས་ཀྱི་སྒོང་བྱའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་ཚན་རྩལ་འགག་སྒྲོལ་ལས་ཀར་མཐོང་ཆེན་བྱས་ཏེ།  ཁྱོན་གྲོན་དངུལ་སྒོར་ཁྲི་ཚོ ༦༨༡.༧ བཏང་ནས་ཞིང་འབྲོག་ཚན་རྩལ་གྲུབ་འབྲས་དངོས་བསྒྱུར་གྱི་ཆེད་དོན་དང་གཙོ་གནད་ཞིབ་འཇུག་གསར་སྤེལ་གྱི་འཆར་གཞིའི་རྣམ་གྲངས་སོགས་ལ་རྒྱབ་སྐྱོར་བྱས་པ་དང་།  རིགས་གཅིག་མཁས་ཅན་སྒྲིག་འཛུགས་ཧུར་ཐག་བྱས་ནས་སོན་རྒྱུའི་དཔྱད་གཞི་དང་འདེམས་གསོ་བྱེད་སྟངས་གསར་གཏོད།  རིགས་རྒྱུད་གསར་པ་འདེམས་གསོ་སོགས་ཀྱི་ལས་དོན་སྤེལ་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]