您没有安装FlashPlayer或版本太低, 请点击获得最新版本FlashPlayer
ཉེ་དུས། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པས་བོད་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཆད་གྲྭ་ཞེས་པ་གཉེར་ཏེ། ཀྲུང་དབྱང་ཏང་གི་སློབ་གྲྭའི་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་ཧོང་ཁུན་གདན་དྲངས་ནས། ཁོང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་སྐོར་ཟབ་ཁྲིད་གནང་བ་རེད།
དགེ་རྒན་ཆེ་མོ་ཧོང་ཁུན་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པའི་ཐོག འདུ་ཤེས་བཞི་ཟབ་ཏུ་གཏོང་དགོས་པ། གདེང་ཚོད་བཞི་བརྟན་དུ་གཏོང་དགོས་པ། སྲུང་སྐྱོང་གཉིས་བྱེད་ཐུབ་པ་དང་། དེ་བཞིན་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ། བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་བཅས་ཟུང་འབྲེལ་བྱས་ཏེ། དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་གཅིག མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་བྱེད་པ་སོགས་བསྡོམས་མི ༡༥༠ ལྷག་ཙམ་སློབ་སྦྱོང་ནང་ཞུགས་ཡོད།།