您没有安装FlashPlayer或版本太低, 请点击获得最新版本FlashPlayer
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ཨུད་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པ་ཚོགས་རིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས། རྒྱུན་ཨུད་ལྷན་ཁང་གི་ཚོགས་འདུར་ཟུར་ཞུགས་གནང་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ཨུད་ལྷན་ཁང་གི་འགན་ཁུར་བློ་མཐུན་དང་བཞུགས་མོལ་གནང་བ་དང་། ལོ་ལྔ་ཚན་བཅུ་བཞི་པའི་རིང་རང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན་དང་མི་དམངས་འཐུས་ཚོགས་ལས་དོན་ཐད་ཀྱི་གྲོས་འཆར་གསན་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག གཞི་རིམ་འཐབ་ཕྱོགས་དང་པོ་ནས་ཡོང་བའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་གཏམ་བཤད་གནང་སྐབས། ལོ་ལྔ་ཚན་བཅུ་གསུམ་པའི་རིང་རང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་དང་གདེང་འཇོག་མཐོ་པོ་གནང་བ་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་གཏོད་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དང་དཔལ་འབྱོར་སྤྱི་ཚོགས་སྤུས་ལེགས་གོང་འཕེལ་ཡོང་བ་བྱེད་རྒྱུ། མཛེས་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་སོགས་ཀྱི་ཐད་གྲོས་འཆར་ཡང་བཏོན་པ་རེད། བློ་བཟང་རྒྱལ་མཚན་གྱིས་ཚང་མའི་གཏམ་བཤད་ནན་ཏན་གསན་པ་དང་འཐུས་མི་ཚོ་དང་སྤེལ་རེས་ཡང་ཡང་གནང་བ་རེད།
བློ་བཟང་རྒྱལ་མཚན་ནས། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་རྩ་ཁྲིམས་དང་ཁྲིམས་ལུགས་ཀྱིས་དཀྲིས་པའི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་བ་དང་། ཏང་དང་མི་དམངས་ཀྱི་ཡིད་ཆེས་དང་མངག་བཅོལ་ཟབ་མོ་ཕྲག་ཏུ་འཁུར་ཡོད་པས། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་རྒྱུན་ཨུད་ལྷན་ཁང་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་གི་མཛད་ཇུས་བཀོད་སྒྲིག་ཐོག་བསམ་སྦྱོར་གཅིག་གྱུར་ཐོག་བརྟན་ལྷིང་དང་གོང་འཕེལ། སྐྱེ་ཁམས། མཐའ་མཚམས་སྟོབས་ཆེན་བཅས་དོན་ཆེན་བཞི་དང་དམ་པོར་བསྟུན་ནས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་། འགན་ཁུར་ཡར་བརྩོན་ཐོག་དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ལེགས་གོང་འཕེལ་ཡོང་རྒྱུར་བློ་རིག་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་མང་ཚོགས་ཀྱི་བསམ་ཚུལ་དང་ཕུགས་རེ་ཉན་པ་དང་གོང་ཞུ་གང་ལེགས་བྱས་ཏེ། ཏང་དང་སྲིད་གཞུང་། མི་དམངས་མང་ཚོགས་བཅས་ཀྱི་དབར་འབྲེལ་ཟམ་ཡག་པོ་གཏོད་དགོས་པ། མང་ཚོགས་ལ་སློབ་སྦྱོང་དང་ལག་ལེན་ལ་སློབ་སྦྱོང་། རིག་གཞུང་ལ་སློབ་སྦྱོང་བཅས་བྱས་ནས་འཐུས་མིའི་འགན་འཁྲི་ནན་ཏན་སྒྲུབ་པ་དང་རང་འགན་གཙང་སྒྲུབ་ངང་མི་དམངས་ལ་ཞབས་འདེགས་ཞུ་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།།