རང་ལྗོངས་ཀྱིས་དམངས་གཉེར་དཔལ་འབྱོར་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-12-02

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་ནང་རང་ལྗོངས་ཀྱིས་དམངས་གཉེར་དཔལ་འབྱོར་གོང་འཕེལ་ལ་སྐུལ་ལྕག་དང་རོགས་སྐྱོར་བྱེད་པའི་སྲིད་ཇུས་རབ་དང་རིམ་པ་བཏོན་ནས།  རང་ལྗོངས་ཀྱི་དམངས་གཉེར་དཔལ་འབྱོར་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།  ལྗོངས་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་ལོ་བཞི་བསྟུད་མར་འཕར་སྣོན་བྱུང་བ་དེ་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་གི་འཕར་སྣོན་ལས་མཐོ་བ་བྱུང་ནས།  དཔལ་འབྱོར་གྱི་སྤྱི་འབོར་མངོན་གསལ་དོད་པོས་འཕར་སྣོན་ཕྱིན་པ་དང་གོང་འཕེལ་མྱུར་ཚད་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་པ།  གོང་འཕེལ་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།   

ཉེ་བའི་ལོའི་ནང་རང་ལྗོངས་ཀྱིས་ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ།  ཁྲོམ་ར་གཅིག་གྱུར་དང་དྲང་གཞག་འགྲན་རྩོད་ལ་འགོག་རྐྱེན་བཟོ་བའི་སྲིད་ཇུས་བྱ་ཐབས་གཙང་བཤེར་ལས་དོན་སྤེལ་ནས་སྲིད་ཇུས་བྱ་ཐབས་ཀྱི་ཡིག་ཆ ༡༥༧༢༠ གཙང་བཤེར་ལྟ་ཞིབ་བྱས་པ་མ་ཟད།  འབྲེལ་ཡོད་ཡིག་ཆ ༣༦ མེད་པ་བཟོས་པ་དང་ཡང་ན་བཟོ་བཅོས་བརྒྱབ་སྟེ་དམངས་གཉེར་དཔལ་འབྱོར་ཁྲོམ་རའི་བྱེད་པོའི་དྲང་གཞག་འགྲན་རྩོད་ལ་སྔར་བས་སྐུལ་འདེད་དང་སྲུང་སྐྱོབ་བྱས་པ་རེད།  ཚོང་དོན་ལམ་ལུགས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་ཆེད།  རང་ལྗོངས་ཀྱིས་གཙོ་གནད་ཐོག་ཁེ་ལས་ཀྱི་འཛུགས་གཉེར་ཐོ་འགོད་དང་སྤྱོད་ནུས་རེ་ཞུ།  གཏན་འཇགས་རྒྱུ་ནོར་ཐོ་འགོད།  ཡིད་རྟོན་དངུལ་བུན་རེ་ཞུ།  ཁྲལ་འཇལ་སོགས་ཀྱི་ལྷུ་ཚིགས་ཁག་དང་བསྟུན་ནས་འགྲོ་ལུགས་སྟབས་བདེ་རུ་གཏོང་བ་དང་རེ་ཞུའི་དཔྱད་གཞི་ཉུང་དུ་གཏོང་བ།  གཉེར་སྒྲུབ་དུས་ཚོད་མགྱོགས་སུ་གཏོང་བ།  སྲིད་འཛིན་ཞིབ་མཆན་གང་མགྱོགས་འགོད་པ་སོགས་ཀྱི་བྱ་ཐབས་བཟུང་ཡོད། 

ད་ལོའི་ཚུན་དུ་ཏོག་གསར་གློ་ཚད་ནད་ཡམས་ཀྱི་ཤུགས་རྐྱེན་འོག་དམངས་གཉེར་ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་ལ་འགྲན་རྩོད་སྔར་བས་མང་བ་འཕྲད་ཡོད་པས།  རང་ལྗོངས་ཀྱིས་དམངས་གཉེར་ཁེ་ལས་ཀྱི་དཀའ་ངལ་སེལ་ཤུགས་ཆེ་རུ་བཏང་སྟེ་ཁེ་ལས་ཀྱི་ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོར་རམ་འདེགས་ཧུར་ཐག་བྱས་ཡོད་ཅིང་།  ཁེ་ལས་ལ་གདན་ཞུའི་སྟེགས་བུ་བཙུགས་པ་དང་རིགས་ཁག་གི་གདན་ཞུའི་བྱེད་སྒོའི་ནང་ཞུགས་རྒྱུའི་སྒྲིག་འཛུགས་བྱས་པ།  དུས་ཐོག་ཏུ་སྤྱི་ཚོགས་འགན་བཅོལ་དང་ལས་གནས་བརྟན་གཏོང་གི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་པ།  རིགས་ཁག་གི་རྩལ་ནུས་སྦྱོང་བརྡར་སྤྲད་པ་བཅས་བྱས་པ་བརྒྱུད།  ཁེ་ལས་ཀྱི་ལས་མི་སྤྱོད་པའི་དཀའ་གནད་སེལ་བ་དང་ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ།  རང་སྐྱོང་ལྗོངས་སྲིད་གཞུང་གིས་མ་འཇོག་ཐེབས་རྩའི་སྐུལ་ཁྲིད་རྒྱ་སྐྱེད་ནུས་པ་འདོན་སྤེལ་བྱས་ཐོག་སྒོར་དུང་ཕྱུར ༥༠ ཟིན་པའི་རང་སྐྱོང་ལྗོངས་ཀྱི་དཀའ་སེལ་ཐེབས་རྩ་བཙུགས་རྒྱུ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]