您没有安装FlashPlayer或版本太低, 请点击获得最新版本FlashPlayer
ཤིན་ཧྭ་གསར་འགྱུར་ཁང་གི་མཉམ་འདྲེས་སྨྱན་སྦྱོར་ཐོག་སྤྱི་ཟླ ༡༢ པའི་ཚེས ༡ ཉིན། མུ་འབྲེལ་གསར་འགྱུར་ཞིང་འབྲོག་མང་ཚོགས་ཁྲི ༢༠༠ ལྷག་ལ་དྭངས་གཙང་ཆུ་འཐུང་རྒྱུ་བྱུང་བ་ཞེས་པ་ཞིག་སྤེལ་ནས། སྤྱི་ལོ ༢༠༠༥ ལོར་རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གཞི་ལག་བསྟར་བྱས་ཚུན། ལྗོངས་ཡོངས་སུ་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་གྱི་འཐུང་ཆུའི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་ཐུབ་སྟེ། དེང་སྐབས་ཞིང་འབྲོག་མང་ཚོགས་ཁྲི ༢༠༠ ལྷག་ཙམ་ལ་ཕན་པ་ཐོབ་ཚུལ་མཚོན་པར་བྱས་ཡོད།།