您没有安装FlashPlayer或版本太低, 请点击获得最新版本FlashPlayer
ཉེ་དུས། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཝེ་ཏུང་ནས། སྒྲིག་བཤེར་ལྟ་ཞིབ་དང་སྐོར་གཟིགས་ལྟ་སྐུལ་གྱི་ལག་བསྟར་མཉམ་འདྲེས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཚོགས་འདུའི་ཐོག་ཀྲུང་དབྱང་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་སྐོར་གཟིགས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དགུ་པ་དང་སྤེལ་རེས་གཏིང་ཟབ་གནང་སྟེ། ལག་བསྟར་མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བཀོད་སྒྲིག་གནང་བ་རེད། ཝང་ཝེ་ཏུང་ནས་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་སྐོར་གཟིགས་ཚན་པས། སྲུང་སྐྱོང་གཉིས་དང་ཏང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་གནང་སྟེ། གནད་དོན་ལ་ཞིབ་བཤེར་ཐག་གཅོད་བྱེད་པ་དང་། གནད་དོན་གྱི་ཁུངས་སྣེའི་བརྡ་ཁྱབ་དང་རྩིས་སྤྲོད་ལས་དོན་ཚད་ལྡན་བཟོས་ཐོག་ཆད་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས། རུལ་སུངས་བྱེད་མི་ཕོད་པའི་ཟིལ་ཤུགས་ཆགས་པ་བྱེད་དགོས་པ་དང་། སྐོར་གཟིགས་བཅོས་སྒྲིག་གི་འགན་འཁྲི་ནན་དཀྲིས་བྱས་ཏེ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྒྲིག་བྱེད་རྒྱུར་སྐུལ་འདེད་བཏང་སྟེ། རུལ་སུངས་བྱེད་མི་རུང་བའི་རྣམ་པ་ཏན་ཏིག་གཏོད་དགོས་པ། སྔ་ཙམ་དམ་འཛིན་དང་ཆུང་ས་ནས་དམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་ལྟ་སྐུལ་མཉམ་ཤུགས་ཆགས་པ་བཅས་བྱས་ཏེ། ལས་བྱེད་པའི་རུལ་འགོག་འགྱུར་ཟོན་དེ་གོམས་གཤིས་ནས་བསམ་བློའི་རང་རྟོགས་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་ཡོད།།